འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུ་བསྐོང་གནང་བའི་གོ་ལའི་གནམ་གཤིས་སྐོར་གྱི་ལྷན་ཚོགས་ཐེངས་༢༡ པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུ་བསྐོང་གནང་བའི་གོ་ལའི་
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུ་བསྐོང་གནང་བའི་གོ་ལའི་གནམ་གཤིས་སྐོར་གྱི་ལྷན་ཚོགས་ཐེངས་༢༡ པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-12-14ལྟ་ཀློག (3818)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུ་བསྐོང་གནང་བའི་གོ་ལའི་གནམ་གཤིས་སྐོར་གྱི་ལྷན་ཚོགས་ཐེངས་༢༡ པ་དེ་ཧྥ་རན་སིའི་རྒྱལ་ས་པེ་རི་སེ་རུ་སྤྱི་ཟླ་༡༡ པའི་ཚེས་༣༠ ནས་སྤྱི་ཟླ་༡༢ པའི་ཚེས་༡༡ བར་དུ་བསྐོང་འཚོག་གནང་ཡོད་པ་དང་། དེར་འཛམ་གླིང་གི་རྒྱལ་ཁབ་༡༩༠ ལྷག་གི་དབུ་ཁྲིད་དང་འཐུས་ཚབ་ལྷན་འཛོམས་གནང་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ལ་སྔོན་མའི་ལྷན་ཚོགས་དག་གི་སྐབས་སུ་གྲོས་འཆར་བཏོན་ནས་གྲོས་ཐོག་གཅིག་ཏུ་མ་བྱུང་བ་རྣམས་ལ་བགྲོ་གླེང་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཐོལ་བརྒལ་རང་བཞིན་གྱི་ཉེན་ཚབས་དང་དཀའ་ངལ་སེལ་བར་འབད་བརྩོན་གང་དྲག་གནང་བཞིན་ཡོད། དཔེར་ན་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས་ཨ་རི་ནི་འཛམ་གླིང་ཐོག་རྫས་རླངས་ནག་པོའི་དཀའ་ངལ་ཅན་གྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཡོད་པ་དང་། དཀའ་ངལ་དེ་བཟོ་མཁན་གཙོ་གྲས་ཡིན་པའི་ཆ་ནས་དཀའ་ངལ་དེ་སེལ་བར་འགན་ཁུར་ཆ་ཚང་ལེན་རྒྱུ་ཡིན་ཚུལ་གསུངས་ཡོད་ལ། རང་རྒྱལ་གྱི་སྲིད་འཛིན་ཞི་ཅིན་ཕཱིན་མཆོག་གིས་གསུང་དོན། རྒྱལ་ཁབ་སོ་སོའི་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་སྐོར་གྲོས་བསྡུར་གནང་དགོས་པ་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་བའི་ཐབས་ལམ་དེ་རྒྱལ་ཁབ་སོ་སོར་ལག་བསྟར་བྱེད་དུ་འཇུག་དགོས། དཀའ་ངལ་འདི་ཡང་ཡར་རྒྱས་ལ་སོང་ཟིན་པའི་རྒྱལ་ཁབ་དག་ལ་འགན་ཁུར་ཡོད་པ་ངོས་ལེན་བྱེད་པ་དང་དཔལ་འབྱོར་གོང་འཕེལ་གཏོང་བར་རང་དབང་སྤྲོད་དགོས་ཞེས་གསུངས་ཡོད། རྒྱ་ནག་ནི་འཛམ་གླིང་ཐོག་རྫས་རླངས་ནག་པོའི་དཀའ་ངལ་ངལ་ཆེ་ཤོས་དང་པོ་དེ་ཡིན་པའི་ཆ་ནས་དཀའ་ངལ་དེ་བཟོ་མཁན་ཡང་གཙོ་བོ་དེ་ཆགས་ཡོད། ད་དུང་དེ་མིན་གྱི་ཚོགས་སྡེ་མི་ཉུང་བ་ཞིག་གིས་ཀྱང་དོ་ཁུར་ཆེན་པོས་ལྷན་ཚོགས་འདིར་ཡིག་ངག་གཉིས་ཀྱི་ཐོག་ནས་འབོད་སྐུལ་དང་རེ་བ་གང་མང་ཞུས་ཡོད། ཐེངས་འདིའི་ལྷན་ཚོགས་ཀྱི་འགལ་ཟླའམ་མི་མཐུན་པ་བྱུང་བའི་གནད་འགག་གཙོ་བོ་དེ་ནི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ལུགས་མི་འདྲ་བ་དང་། ས་འོག་གཏེར་རྫས་ཀྱི་ཚབ་ཏུ་རང་བྱུང་གི་ནུས་པ་ཇི་ལྟར་འདོན་དགོས་མིན། དེར་འགྲོ་གྲོན་སུས་གཏོང་གི་ཡིན་མིན་སོགས་ཡིན། དེ་ལྟར་ཉིན་བཅུ་གཉིས་ལ་བསྐོང་འཚོག་གནང་བའི་ལྷན་ཚོགས་ཐེངས་༢༡ པའི་མཐའ་མའི་གྲོས་དོན་ཁག་ནི། ༡༽ གང་མགྱོགས་སྒོས་དྲོད་འཕར་རླངས་རྫས་མར་བཅགས་ནས་དུས་རབས་འདིའི་ཕྱེད་ཕྱི་མ་བར་དུ་དྲོད་རླངས་ཐོན་ཁུངས་དང་དྲོད་འཕར་རླངས་རྫས་མར་ཆག་པའི་ཚད་ཐིག་ཆ་མཉམ་བཟོ་ཐུབ་པ་རྒྱུ་དང་། ༢༽ སའི་གོ་ལའི་དྲོད་ཚད་ཡར་འཕར་བ་དེ་བརྒྱ་ཟུར་༢ (2C)བར་དུ་བྱུང་ན་རབ་དང་། དེ་ལྟར་མ་བྱུང་ཡང་༡.༥(1.5C) བར་དུ་ཕབ་ཐུབ་པར་འབད་བརྩོན་བྱ་རྒྱུ། ༣༽ ལོ་ལྔ་རེའི་ནང་དུ་ཡར་རྒྱས་ཕྱིན་ཡོད་མེད་བསྐྱར་ཞིབ་བྱ་རྒྱུ། ༤༽ ལྷན་ཚོགས་འདིས་ཡར་རྒྱས་ལ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་༢༠༢༠ ལོའི་བར་དུ་ལོ་རེར་གནམ་གཤིས་ཚ་དྲོད་ཀྱི་ལས་དོན་ཆེད་ཨ་སྒོར་ཐེར་འབུམ་༡༠༠ ཡིས་མ་དངུལ་གཏོང་རྒྱུ་དང་། མ་འོངས་པར་དེ་ལས་མང་བ་གཏོང་བར་ཁས་ལེན་བྱས་ཡོད་དོ།།

 

གསར་འགྱུར་མཁོ་སྤྲོད་པ།  ཁ་སྒང་གཡང་འབུམ་ཚེ་རིང་།


 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oles བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438864
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།