​སྨན་པ་ཞིག་གིས་མི་༢༧༠ཙམ་ལ་ཨེ་ཛི་ནད་དུག་བགོས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​སྨན་པ་ཞིག་གིས་མི་༢༧༠ཙམ་ལ་ཨེ་ཛི་ནད་དུག་བགོས་པ།
​སྨན་པ་ཞིག་གིས་མི་༢༧༠ཙམ་ལ་ཨེ་ཛི་ནད་དུག་བགོས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-12-10ལྟ་ཀློག (3731)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།



སྨན་པ་ཞིག་གིས་མི་༢༧༠ཙམ་ལ་ཨེ་ཛི་ནད་དུག་བགོས་པ། 

     ༢༠༡༥ལོའི་ཟླ་༡༢པའི་ཚེས་༣ཉིན།ཁམ་བྷོ་དི་ཡའི་མཱ་ཏེ་ཝང་ཁྲིམས་ཁང་གིས་ལས་སྒྲུབ་དཔང་ཡིག་གང་ཡང་མེད་པའི་སྨན་པ་ཡེམ་ཁི་རེན་(Yem Chrin)གྱིས་ཁབ་མགོ་དུག་སེལ་མ་བྱས་པར་གང་བྱུང་དུ་བེད་སྤྱད་པས་ཡུལ་མི་༢༧༠ཙམ་ལ་ཨེ་ཛི་ནད་དུག་བསྒོས་ཕྱིན།མི་ལོ་༢༥ཡི་ཁྲིམས་ཐག་བཅད་འདུག  ཕྱི་རྒྱལ་གྱི་འཕྲིན་ལམ་ཁག་ནས་ཤེས་གསལ་ལྟར་ན།ཁམ་བྷོ་དི་ཡའི་ནུབ་བྱང་ཁུལ་གྱི་ཞིང་ཆེན་ཞིག་ནས་ལས་སྒྲུབ་དཔང་ཡིག་མེད་པའི་སྨན་པ་ཞིག་གིས་དུག་སེལ་མ་བྱས་པར་ཁབ་མགོ་ཐེངས་མང་པོར་བསྐྱར་སྤྱོད་བྱས་པས་ཕལ་ཆེར་མི་༡༠༠ནས་༢༧༠ཙམ་ལ་ཨེ་ཛི་ནད་དུག་བསྒོས་འདུག་ཅིང་།དེ་ལས་མི་༡༠ཡི་ཚེ་སྲོག་ཤོར་ཚར་འདུག་ལ། ཨེ་ཛི་ནད་དུག་འགོས་ཡོད་པའི་མི་དག་ལས་ཕལ་ཆེ་བ་ནི་ལོ་ལོན་རེད་འདུག་ཅེས་བཤད། ཁམ་བྷོ་དི་ཡ་རྒྱལ་ཁབ་ལ་མཚོན་ན།ཞིང་གྲོང་ཁུལ་མང་པོ་ཞིག་ཏུ་དཔང་ཡིག་གང་ཡང་མེད་པའི་སྨན་པ་ཡོད་འདུག་ལ། སྨན་པ་མང་པོ་ཞིག་རང་སྦྱོང་ཙམ་བྱས་པས་སྨན་པའི་ལས་ཀར་ཞུགས་བཞིན་ཡོད་འདུག་ཅིང་།སྨན་བཅོས་ཀྱི་སྒྲིག་ཆས་སྐྱོ་བོ་ཡིན་ལ། སྨན་ཁང་གི་དཔལ་འབྱོར་ཐབས་རྡུགས་ཡིན་ཟེར། ཡིན་ནའང་།ཁམ་བྷོ་དི་ཡའི་མང་ཚོགས་ས་ཡ་མང་པོར་མཚོན་ན་དེ་ནི་སྨན་བཅོས་ཀྱི་གོ་སྐབས་ཉག་གཅིག་ལྟ་བུར་གྱུར་ཡོད་འདུག ས་གནས་ཁྲིམས་ཁང་གིས་ན་ནིང་ལོའི་ཟླ་༡༡པའི་ནང་ལོ་ན་༧༤ལོན་པའི་ལོ་ལོན་ཞིག་ལ་ཨེ་དུག་འགོས་ཡོད་པ་ཤེས་འཕྲལ་རིམ་གྱིས་ས་གནས་དེ་གའི་ཨེ་ཛི་ནད་དུག་གིས་འགོ་མཆེད་ཁྱབ་ཁོངས་གསལ་རྟོགས་བྱུང་འདུག་ལ།ཟླ་བ་གཅིག་གི་འཕྲོར་ལོ་ན་༥༦ཡིན་པའི་ཡེམ་ཁི་རེན་ཟེར་བའི་སྨན་པ་ཞིག་འཛིན་བཟུང་བྱས་འདུག་པར་མ་ཟད།རྗེས་ནས་སྨན་པ་ཁོས་ཀྱང་དུག་སེལ་མ་བཏང་བའི་ཁབ་མགོ་མཉམ་སྤྱོད་བྱས་པའི་ཉེས་དོན་ཁས་བླངས་འདུག ཡིན་ནའང་། ཁོང་གིས་བསམ་གཟས་ནས་རིམས་ནད་ཁྱབ་སྤེལ་བྱས་པ་མིན་ཞེས་དག་སེལ་བྱས་འདུག ས་གནས་ཁྲིམས་ཁང་གིས་ཁོང་ལ་དཔང་མེད་སྨན་བྱས་ཀྱི་ཁྲིམས་དོན་དང་འགལ་བ་དང་།ཨེ་དུག་འགོས་ཡོད་པའི་ཁབ་མགོ་མཉམ་སྤྱོད་བྱས་ནས་གཞན་གྱི་ཚེ་སྲོག་འཕྲོག་པའི་ཁྲིམས་དོན་དང་འགལ་བར་ཐག་བཅད་འདུག་ཅིང་།བསམ་གཟས་ནས་མི་བསད་པའི་ཁྲིམས་དོན་དང་འགལ་བ་མིན་པར་ནོར་འཁྲུལ་གྱིས་མི་སྲོག་འཕྲོག་པར་བརྩིས་པས་ཚེ་བཙོན་བྱ་མ་དགོས་པ་བྱུང་འདུག འོན་ཀྱང་།  ཡེམ་ཁི་རེན་གྱིས་ཁོ་ནི་ཉེས་མེད་ཡིན་ཞེས་གསར་ལམ་ཁག་ཏུ་གསལ་བཤད་འདུག་ཟེར། ར་སྤྲོད་བྱས་པ་ལྟར་ན།ཡེམ་ཁི་རེན་ནི་༡༩༩༦ལོ་ནས་ས་གནས་དེ་གའི་སྨན་པ་རུ་གྱུར་འདུག་ལ།ས་གནས་ཉེན་རྟོག་པས་བཤད་པ་ལྟར་ན། ཁོ་ནི་མང་ཚོགས་ཀྱིས་གུས་བརྩི་ཐོབ་སའི་སྨན་པ་ཞིག་ཡིན་ཞེས་བཤད་འདུག  ཁམ་བྷོ་དི་ཡ་ལ་མཚོན་ན།ལོ་རབས་དགུ་བཅུ་པའི་ནང་ཨེ་ཛི་ནད་དུག་གི་འགོ་ཚད་ཤིན་ཏུ་མཐོ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡོམ་རྩིས་ལྟར་ན། བདེ་འཇགས་ལུས་འབྲེལ་བྱ་ཐབས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པས།ཁམ་བྷོ་དི་ཡའི་༡༩༩༨ལོ་ཨེ་དུག་འགོ་ཚད་༢%ཡིན་པ་ནས་ན་ནིང་ལོ་༠.༧%ལ་བབས་འདུག 

གསར་འགྱུར་བརྒྱུད་སྤྲོད་པ།  སྐབས་དང་བོའི་མཐར་ཕྱིན་སློབ་མ་ཤེར་བཟང་ཡིན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmfs བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438956
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།