ཧྥ་རན་སིའི་མཁའ་དམག་གིས་དྲག་སྤྱོད་པར་དམག་རྒྱག་འགོ་བཙུགས་པ།
རེས་གཟའ་པ་སངས་ཀྱི་མཚན་མོ་ཧྥ་རན་སིའི་རྒྱལ་སར་དྲག་སྤྱོད་པས་མི་ ༡༣༢ བསད་རྗེས། གཟའ་སྤེན་པ་ནས་ཧྥ་རན་སིའི་མཁའ་དམག་གིས་སིརྱ་(Syria) ཡི་དྲག་སྤྱོད་ལྟེ་གནས་ཁག་ལ་དམག་རྒྱག་འགོ་བཙུགས་ཏེ། དེ་རིང་སིརྱའི་བྱང་ཕྱོགས་ཀྱི་དྲག་སྤྱོད་པ་སྡོད་སའི་ས་གནས་ཁག་ལ་མཁའ་ཐོག་ནས་འགད་རྫས་ཤུགས་ཆེན་པོ་ ༢༠ གཡུག་ཡོད་པ་དང་། ས་གནས་ར་ཁཱ་(Raqqa) ལ་ཡོད་པའི་དྲག་སྤྱོད་པའི་དམག་སྦྱོང་ལྟེ་གནས་ཤིག་དང་། དྲག་པོའི་རུ་སྡེ་གཅིག་རྩ་མེད་བཏང་ཡོད་ཅེས་ཧྥ་རན་སིའི་བདེ་སྲུང་བློན་ཆེན་གྱིས་གསར་ལམ་དུ་བཤད། འགད་རྫས་འདི་ད་བར་ཧྥ་རན་སིས་སིརྱཱ་ལ་གཡུག་པའི་འགད་རྫས་ཤུགས་ཆེ་ཤོས་དེ་ཡིན་འདུག



གསར་འགོད་པ། གཟིག་མགོ་ཅན།
གསར་འགྱུར་མཁོ་སྤྲོད་པ། གཟི་མིག་གསུམ་པ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|