བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། » བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།
བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-05ལྟ་ཀློག (4075)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


   བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།                 

   ---ལེ་བར་ཆིག་སྟོང་གི་མཁའ་བསྐྱོད་ཟིན་ཐོ།                                                      

   ལྡོང་ཡོན་ཏན་རྒྱ་མཚོ།

གནའ་མཁར་ཟི་ལིང་དུད་ཞགས་ཀློང་ན་ངལ།།

ལན་ཀྲུའུ་གྲོང་ཁྱེར་མྱ་ངན་ཐང་དུ་འཛུམ།།

མགར་བ་སྟོང་བཙན་རྣམ་དཔྱོད་དར་བའི་ལྗོངས།།

གནའ་དེང་ལོ་རྒྱུས་མེ་ལོང་གཟུགས་སུ་འཕོས།།


གོ་མིན་ཏང་གི་རྒྱལ་དར་མ་མཐོང་ཡང་།།

ནན་ཅིན་གྲོང་ཁྱེར་གསར་བའི་མཛེས་དགའ་གྲོལ།།

ཉི་ཟླའི་འོད་སྣང་འགོག་པའི་གློག་གི་གྲོང་།།

ཞག་གཅིག་རྨི་ལམ་རོལ་བའི་སྔས་སུ་བྱས།།


ཧྲང་ཧེའི་གྲོང་ཁྱེར་དཀྱིལ་འཁོར་ཐིག་ལས་འཛིངས།།

མི་གྲངས་བྱེ་བ་གསུམ་གྱི་འདུར་རྒྱུགས་རྒོད།།

སྤྲིན་དཀར་ཐོད་ལ་བཟུང་བའི་ཁང་བརྩེགས་འབུམ།།

སྒང་བ་བོད་པའི་དར་ལྕོག་ཟོལ་དུ་བརྫུས།།


རྒྱ་མཚོའི་གཡས་སུ་བཤམས་པའི་ཁོ་རེ་ཡ།།

མུ་ཏིག་ཚོམ་བུ་ཐང་མར་བརྡལ་བ་འདྲ།།

ཉ་ཆེན་ཤད་ཀྱིས་འཁྱུག་འདྲའི་སྒལ་སྟེང་ན།།

གྲགས་སྐད་ཆེ་བའི་འཇར་པན་ལྷམ་མེར་གསལ།།


ཞི་བདེའི་རྒྱ་མཚོས་ས་ཆེན་ཕྱོགས་མཐའ་བསྐོར།།

སྨུག་སྤྲིན་གསེབ་ནས་སྒྱུ་མའི་འཇིག་རྟེན་མཐོང་།།

གངས་རིའི་འདབས་ནས་ཐོན་པའི་རྒྱལ་ཁམས་པར།།

སྨྲ་བསམ་བརྗོད་འདས་ཚོར་བ་འགྲན་བཞིན་སློང་།།


མངའ་རིས་ཆེ་བ་འཛམ་གླིང་ཡང་རྩེར་སོན།།

ཆུ་ཕྲན་ཆེ་བ་པ་ཊའི་རིས་སུ་འཐེན།།

བོད་པའི་ངག་ལ་འབྱམས་པའི་ཨུ་རི་སིས།།

ས་ཆེན་སུམ་ཆ་བཟུང་བའིབརྗིད་ཉམས་མཐོང་།།


རྒྱ་མཚོ་གཡུ་ཟམ་ལེ་བར་ཉིས་སྟོང་གིས།།

འཕྲུལ་གྱི་ཁྱུང་ཆེན་ངལ་བའི་མཐའ་ལ་གཏུགས།།

ཨ་རིའི་བྱང་ཆ་སྙིང་གི་རི་མོ་ཅན།།

འཆར་ཡན་ཟིན་མེད་བློ་ཡིས་བག་མེད་མྱང་།།


དཔལ་ཡོན་སྟོབས་ཀྱིས་སྙེམས་པའི་ཁ་ཎ་ཌ།།

ནུབ་མཐའི་རྒྱ་མཚོའི་འགྲམ་ན་ཤད་ཀྱིས་བརྐྱངས།།

ཨ་རིའི་ཤར་མཐར་གཏུགས་པའི་ཁྲའོ་རོང་ཁྲའོས།།

མིག་ཡིད་དམ་ལ་འདོགས་པའི་སྒྱུ་འཕྲུལ་ངོམ།།


གྲུབ་པ་མ་ཐོབ་རྫུ་འཕྲུལ་མ་བསླབས་ཀྱང་།།

ས་ཆེན་སྒལ་གཞུང་ཡིད་ཀྱིས་གཞལ་བའི་འཕྲིན།།

སྐད་བརྡ་མི་གཅིག་ཤ་མདོག་མི་མཚུངས་ལ།།

ཉིན་མཚན་མགོ་མཇུག་བསྣོལ་བའི་ཡུལ་ནས་སྤྲིངས།།                                                  2015-11-5 


རྩོམ་ཡིག་ཕབ་བཤུ་བ།  སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་རླུང་གཤོག་ཅན་ཡིན།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 86xc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   བར་སྣང་ནས་ཕྱིར་ས་སྒང་ལ་བལྟས་པ།   སྤེལ་མཁན།: མིག་གིས། སྤེལ་དུས:2015/11/5
ཚུལ་འདིས་ཀྱང་རང་རེ་ཁ་བ་རི་བའི་དཔལ་ཡོན་དབྱར་མཚོ་ལྟར་རྒྱས་པར་སྨོན།
why do married men cheat marcandela.com women want men
why people cheat in marriage click why women cheat
meet to cheat meet and cheat why married men have affairs
pharmacy exam coupon code click rite aid online coupon
ciprofloxacin side effects joint pain ciprofloxacin 500mg antibiotics ciprofloxacin 250 mg uses
tretinoin 0.05% gabapentin 600mg propranolol 10mg
online viagra coupons gallaghermalpractice.com new prescription coupons
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25439853
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།