པེ་ཅིན་ཧོང་ཀོང་རྟ་མཆོག་ཚོགས་པའི་ལོ་རེའི་དགེ་ལས་དགོང་ཚོགས་སྟེང་དུ་སློབ་གཙོ་འཇིགས་མེད་རྒྱལ་མཚན་ཞུགས་པ།
སྤྱི་ཟླ་བཅུ་བའི་ཚེས་སུམ་ཅུའི་དགོང་མོར་པེ་ཅིན་ཧང་ཀོང་རྟ་མཆོག་ཚོགས་པས་ལོ་རེའི་དགེ་ལས་དགོང་ཚོགས་འཚོགས་པའི་སྟེང་དུ་གངས་ལྗོངས་ཤེས་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ན་ཆུང་གཞས་མ་ལས་དབང་ལྷ་མོ་གཉིས་ཞུགས་ཤིང་། ཐེངས་འདིའི་དགོང་ཚོགས་སྟེང་དུ་སྤྱི་ཕན་བྱ་བ་མང་བོ་ཞིག་ལ་གྲོས་འཆམ་བྱུང་སྟེ་རྒུན་ཆང་དང་ཆུ་ཤེལ་གྱི་མཐོ་འཚོང་བརྒྱབས་ནས་སྒོར་མོ་ཆ་ཚང་སྤྱི་ཕན་གྱི་ཕྱོགས་སུ་བཀོལ་བར་ཐག་གཅོད་བྱས་པར་མ་ཟད། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལའང་རྒྱབ་སྐྱོར་བྱ་ཡུལ་གྱི་སློབ་གྲྭའི་གྲས་སུ་ཚུད།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|