མགོ་ལོག་ཁུལ་དམངས་སྒྲུབ་སློབ་གསོའི་སྐབས་དང་བོའི་ཐེངས་བཞི་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སྤྱི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་མགོ་ལོག་དམངས་སྒྲུབ་སློབ་གསོའི་ལོ་ཚོགས་དང་བོའི་ཐེངས་བཞི་བའི་བཞུགས་མོལ་ཚོགས་འདུ་མགོ་ལོག་ཁུལ་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་ཚོགས་ཤིང་།ཚོགས་ཐོག་ཏུ་བོད་ཀྱི་སློབ་གསོ་བའམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་དང་།གངས་ལྗོངས་ཀུན་ཕན་དར་རྒྱས་སྨན་རྩིས་སློབ་གླིང་གི་སློབ་གཙོ་དར་རྒྱས།གངས་ལྗོངས་གནའ་དེང་ལས་རིགས་ལག་རྩལ་སློབ་གླིང་གི་འཐུས་མི།རྡོ་རྗེ་བསྟན་ལས་རིགས་ལག་རྩལ་སློབ་གླིང་གི་འཐུས་མི།ཨ་མྱེས་རྨ་ཆེན་རིག་མཛོད་སློབ་གླིང་གི་སློབ་གཙོ་སོགས་ཚོགས་འདུར་ཞུགས་པར་མ་ཟད། མཐོ་འབྲིང་སྒེར་བཙུགས་སློབ་གྲྭ་ལྔ་དང་། དམའ་འབྲིང་དང་སློབ་ཆུང་མཉམ་སྒྲུབ་བྱས་ཏེ་བཙུགས་པའི་སློབ་གྲྭ་སྟེ་གངས་ལྗོངས་རྩྭ་ཐང་བུ་མོ་སློབ་གྲྭ་དང་། རྟ་བྲག་དྭ་ཕྲུག་སློབ་གྲྭ། སེང་འབྲུག་སྟག་རྩེའི་སློབ་གྲྭ་དག་གི་སློབ་གཙོ་བཅས་བཞུགས་ཤིང་། དེ་མིན་ལོ་སྔོན་མ་དང་མི་འདྲ་བ་ཞིག་ནི་གེ་སེར་ཞིབ་འཇུག་པའམ་མགོ་ལོག་སྲིད་གྲོས་གཞོན་པ་ལྡོང་ནོར་ལྡེ། ཁུལ་སློབ་གསོ་ལས་ཁུངས་ཀྱི་མགོ་བ་དབང་པོ།མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་དང་ཀརྨ་གཉིས། ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་ཤན་ཕྲུག་སོགས་གཞུང་བཙུགས་སློབ་གྲྭའམ་སློབ་གསོ་ལས་ཁུངས་ཀྱི་འཐུས་མི་སོགས་མཉམ་བཞུགས་གནང་ནས་སློབ་གྲྭ་སོ་སོ་ངོ་སྤྲོད་དང་། དམངས་སྒྲུབ་སློབ་གསོའི་ཁ་ཕྱོགས་དང་ད་ལྟའི་གནས་བབས། མ་འོངས་བའི་དམིགས་གཞིའམ་འཕེལ་རྒྱས་ཇི་ལྟར་བཏང་དགོས་མིན་གྱི་སྐོར་ནས་གྲོལ་མོལ་ཟབ་རྒྱས་མཛད་དོ།།
སློབ་གསོ་བ་འཇིགས་མེད་རྒྱལ་མཚན་གྱིས་གྲོས་གཞི་འདོན་བཞིན་པ།

མགོ་ལོག་པ་ལྡོང་ནོར་སྡེས་བསམ་ཚུལ་གླེང་བཞིན་པ།

ཚོགས་ཞུགས་པ་སོ་སོས་རང་རང་གི་བསམ་ཚུལ་གླེང་བཞིན་པ།
འཕྲིན་གཏོང་བ། སྐབས་བཅུ་བདུན་པའི་མཐར་ཕྱིན་སློབ་མ་སེར་སྐོར་འཇམ་ཚེ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|