ཕ་མའི་བསླབ་བྱ་བཅུ་གཉིས་མ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »ཕ་མའི་བསླབ་བྱ་བཅུ་གཉིས་མ་བཞུགས་སོ།།
ཕ་མའི་བསླབ་བྱ་བཅུ་གཉིས་མ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-21ལྟ་ཀློག (5427)རྩོམ་ཁུངས: བཙན་པོའི་མགར་གྱི་དྲ་བ།པར་འདེབ།

ཕ་མའི་བསླབ་བྱ་བཅུ་གཉིས་མ་ཞེས་བྱ་བ་ཞིག་བཞུགས་སོ།།

 


རྩོམ་གྱི་ཡོང་ཁུངས།  གླིང་སྲས་བོད་ཡིག་དྲྭ་ཚུགས།

གཅིག དུས་འདི་ནས་གཟུང་སྟེ་ངས་ཕྲུ་གུ་ལ་སྐྱོན་བརྗོད་དང་གཤེ་གཤེ། འཁང་ར་ཉུང་དུ་གཏོང་ནས། ཡར་སྐུལ་དང་གཟེངས་བསྟོད་མང་ཙམ་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་ཡར་སྐུལ་དང་གཟེངས་བསྟོད་བྱས་ན་གཟོད་ཕྲུ་གུ་ལ་རང་རྟོན་དང་སྟོབས་ཤུགས་སྦྱིན་ཐུབ་ཡོད། སྐྱོན་བརྗོད་དང་གཤེ་གཤེའཁང་ར་བྱས་ན་རང་གི་ཁོང་ཁྲོ་ཕྱིར་འདོན་པ་ཙམ་ལས་ཕན་ཏིལ་ཙམ་མེད་པར་མ་ཟད། ངའི་རང་འདོད་ཆེ་བའི་སེམས་ཁམས་ཀྱིས་ཕྲུ་གུའི་སེམས་རྒྱུད་ལ་གནོད་འཚེ་ཐེབས་ཀྱིན་ཡོད་པ་ངས་རྟོགས་ཡོད།།

གཉིས།  དུས་འདི་ནས་གཟུང་ངས་རང་གི་བྱ་སྤྱོད་ལ་བརྟེན་ནས་ཕྲུ་གུར་ཤུགས་རྐྱེན་ཐེབས་བཅུག་པ་ལས་ཁ་བཤད་སྐམ་པོས་ཁྲིད་སྟོན་མི་བྱེད། རྒྱུ་མཚན་ནི་ཕྲུ་གུའི་སྤྱོད་ལམ་དེ་སློབ་སྟོན་ཁོ་ནས་བྱུང་བ་མ་ཡིན་པར་གཙོ་བོ་ཕ་མ་སོགས་ཀྱི་ཤུགས་རྐྱེན་དང་དེ་དག་ལ་ལད་མོ་བྱས་ཏེ་བྱུང་བ་ཡིན་པ་ངས་ཤེས་སོང་།།

གསུམ།    དུས་འདི་ནས་གཟུང་ངས་ཕྲུ་གུའི་སེམས་གཏིང་གི་སྐད་ཆར་ཉན་འཇོག་མང་ཙམ་བྱེད་པ་ལས་དེ་མ་ཐག་ཏུ་དཔྱད་གཅོད་མི་བྱེད།    རྒྱུ་མཚན་ནི་མཐུན་སྦྱོར་གྱི་ཐབས་ལམ་ཆེས་ཡག་ཤོས་དེ་ཉན་འཇོག་ཡིན་པ་ངས་ཤེས་སོ། ། 

བཞི། དུས་འདི་ནས་གཟུང་ངས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཕྲུ་གུའི་ལར་ནས་ཡོད་པའི་རྣམ་པར་གཅེས་ཤིང་བརྩེ་བ་ལས་རང་གི་རེ་འདོད་ལྟར་གྱི་རྣམ་པ་བྱུང་ན་ད་གཟོད་གཅེས་ཤིང་བརྩེ་བར་མི་བྱེད། རྒྱུ་མཚན་ནི་གལ་སྲིད་དེ་ལྟར་བྱས་ན་རང་གི་རང་འདོད་དང་སྒེར་སེམས་ཀྱི་དབང་དུ་གཏོང་བ་ཙམ་ལས་ཅི་ཡང་མིན་ནོ། །

ལྔ། དུས་འདི་ནས་གཟུང་ངས་ཕྲུ་གུའི་ཐོག་ཏུ་འཛིན་པའི་ཆེ་ཚུགས་ཀྱི་ཉམས་སྤོང་ནས། འདྲ་མཉམ་གྱི་ངང་མཐུན་སྦྱོར་བྱེད་པ་ལས་མཐོ་སྡོད་གཤམ་གནོན་གྱི་ཚུལ་དུ་བཀོད་པ་མི་གཏོང་། རྒྱུ་མཚན་ནི་བཙན་སྐུལ་དང་ཉེས་རྡུང་། གཉའ་གནོན་གྱིས་ཕྲུ་གུ་དེ་ཉིད་ངོ་ལོག་རྒྱབ་གཏོད་དང་ངོ་རྒོལ་དྲག་པོ་བྱེད་མཁན་ཞིག་ཏུ་བསྒྱུར་འགྲོ་བ་ངས་ཤེས་སོང་། །

དྲུག དུས་འདི་ནས་གཟུང་ངས་སེམས་རྣལ་དུ་ཕབ་སྟེ་ཕྲུ་གུར་རོགས་པ་བྱེད་པ་ལས་ཁ་གཡེང་མིག་གཡེང་གི་ངང་སླ་ཐབས་ཀྱིས་གཡོལ་བ་མི་བྱ། རྒྱུ་མཚན་ནི་རོགས་པ་གཤའ་མ་ཞིག་བྱེད་ཐུབ་སོང་ན་ད་གཟོད་ཕྲུ་གུས་བརྩེ་བ་རྣལ་མའི་དྲོལ་ཁོལ་དེ་ཚོར་ཐུབ་པ་ངས་གཞི་ནས་རྟོགས་སོང་། །

བདུན། དུས་འདི་ནས་གཟུང་ངས་རང་འདོད་ཀྱི་བསམ་ཚུལ་ལ་ཚོད་འཛིན་བྱས་ཏེ། ཕྲུ་གུ་དང་ལྷན་དུ་དུས་དེ་ཉིད་དུ་བྱུང་བའི་གནད་དོན་དག་ཁུ་སིམ་པོ་དང་ཞི་འཇམ་གྱི་ངང་ཐག་གཅོད་ཡག་པོ་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་སྤྲོ་ཐུང་དང་བཙན་ཤེད་ཀྱིས་ངའི་ཐབས་རྡུགས་ནུས་མེད་མཚོན་ཞིང་། ཕྲུ་གུར་ལྟོས་ནའང་གནོད་པ་ལས་གཞན་ཅི་ཡང་མེད་དོ། །

བརྒྱད། དུས་འདི་ནས་གཟུང་ང་དང་བཟའ་ཟླའི་བར་གྱི་འབྲེལ་བ་དང་གནད་དོན་དག་རང་འགུལ་གྱིས་མཐུན་འགྱུར་དང་ཐག་གཅོད་ཡག་པོ་བྱས་ཏེ། འཆམ་མཐུན་གྱི་ཁྱིམ་ཚང་ཁོར་ཡུག་ཅིག་གསར་དུ་བསྐྲུན་པར་འབད་པ་ལས། ཁྱོ་ཤུག་བར་གྱི་འགལ་བ་ལ་བརྟེན་ནས་ཕྲུ་གུར་བག་ཆགས་སམ་ཤུགས་རྐྱེན་ངན་པ་དང་གནོད་འཚེ་གཏན་ནས་ཐེབས་མི་བཅུགརྒྱུ་མཚན་ནི་བྱིས་པར་ལྟོས་ན་ཆེས་བླ་མེད་ཀྱི་བརྩེ་བ་ནི་ཁྱོ་ཤུག་བར་གྱི་མཐུན་འགྲིག་གི་འབྲེལ་བ་དེ་ཡིན་པ་ངས་རྟོགས་སོང་། །

དགུ། དུས་འདི་ནས་གཟུང་བྱིས་པའི་རང་ངོས་ཀྱི་གཤིས་སྤྱོད་དང་ཚུལ་མཐུན་གྱི་དགའ་མོས་ལ་བརྟག་ཞོར་དང་བསྟུན་ཞོར་འཚར་ལོངས་བཅུག་པ་ལས་རང་གི་རེ་སྒུག་ལྟར་དུ་མི་གཅུན། རྒྱུ་མཚན་ནི་ཕྲུ་གུའི་ཡོད་ཚད་ང་ལ་དབང་བ་ཞིག་མིན་ཏེ། ཕྲུ་གུ་ནི་ང་རང་བརྒྱུད་དེ་འཇིག་རྟེན་འདིར་སླེབས་པ་ཙམ་ལས་ང་ཡི་ཡོད་ཚད་ཁྱོད་ཀྱི་རང་འདོད་ལ་དབང་ཞེས་ཟེར་ཏེ་ཡོང་བའང་མིན་པར་གཙོ་བོར་ཕྲུ་གུ་རང་ཉིད་ཀྱི་རེ་འདོད་དང་བཀའ་འགན་འགྲུབ་ཕྱིར་འདིར་སླེབས་པ་ངས་ཤེས་སོང་། །

བཅུ། དུས་འདི་ནས་གཟུང་ཕྲུ་གུའི་ཆེད་དུ་དགེ་བའི་ས་བོན་མང་ཙམ་འདེབས་རྒྱུ་ཡིན་ལ་དགེ་བའི་དོན་བྱ་རེའང་བསྒྲུབ་དགོས། རྒྱུ་མཚན་ནི་དགེ་བའི་ས་བོན་གདབ་ན་ད་གཟོད་བདེ་བའི་འབྲས་བུ་སྨིན་ངེས་པ་ངས་ཤེས་ཡོད། དགེ་བ་བསགས་མཁན་གྱི་ཁྱིམ་ཚང་ལ་འཛད་མེད་ཀྱི་བདེ་སྐྱིད་རོལ་རྒྱུ་དང་། སྡིག་པ་བསགས་མཁན་གྱི་ཁྱིམ་ཚང་ལ་ཟད་མེད་ཀྱི་བར་ཆད་མོད་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་རེད། །

བཅུ་གཅིག ད་ནས་གཟུང་ངས་ཕྲུ་གུའི་གནད་དོན་བརྒྱུད་ནས་རང་གི་གནད་དོན་འཚོལ་རྒྱུ་ཡིན་ལ་ཡོ་བསྲང་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་ཕྲུ་གུའི་གནད་དོན་མཐའ་དག་ངའི་གནད་དོན་རེད་ལ། ང་ནི་ཕྲུ་གུའི་ཡོད་ཚད་ཀྱི་རྩ་བའི་འབྱུང་ཁུངས་ཡིན་པའང་ངས་ཤེས་ཡོད། །

བཅུ་གཉིས།  ད་ནས་གཟུང་ང་རང་ཕྲུ་གུའི་ཚེ་འདིའི་རིང་ཆེས་བཟང་བའི་གྲོགས་མཆོག་ཅིག་དང་མཛའ་གཅུགས་ཡིད་མཐུན་གྱི་ཤག་པོ།ཆེས་བྱམས་བརྩེ་ལྡན་པའི་ཨ་ཕའམ་ཨ་མ་ཞིག་ཏུ་ཆགས་ཐུབ་པར་བྱའོ།།


 རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 75wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25439914
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།