གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ཕེབས་བསུ་བྱེད་བཞིན་པ།
གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པའམ་དམངས་ཁྲོད་རིག་གནས་ཀུན་ཕན་ཞབས་ཞུ་ཚོགས་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་གཉིས་པའི་མཐར་ཕྱིན་སློབ་མ་འབྲུག་རྩེ་འབུམ་དང་སྐབས་བཞི་བའི་མཐར་ཕྱིན་སློབ་མ་ཁྲོ་རུ་རྒྱ་མཚོ། ད་དུང་སྤྱི་ཚོགས་དང་མི་རིགས་ལ་ལྷག་བསམ་དཀར་བའི་གཞོན་སྐྱེས་འགས་སྤྱི་ལོ་༢༠༠༥ལོའི་ཟླ་༥ཚེས་༡༥ཉིན་གསར་དུ་བཙུགས་པའི་ཁེ་གཉེར་མ་ཡིན་པའི་ཚོགས་པ་ཞིག་ཡིན། ད་ལོའི་སྤྱི་ཟླ་༧པའི་ཚེས་༡༧ཉིན་ཚོགས་པ་འདི་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་སྤེལ་ཅིང་། ཚེས་༡༨ཉིན་གསེར་གྱི་མཛུབ་དཀྲིས་རྟགས་མའི་ལ་གཞས་འགྲན་ཚོགས་ཤིག་ཀྱང་སྤེལ།
དགའ་སྟོན་གྱི་ཉིན་དང་བོར་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་འབའ་རྫོང་ཡུལ་གྱི་དགེ་རྒན་ཆེན་མོ་ཚུལ་བློ་གཉིས་གདན་འདྲེན་ཞུས་ཏེ་ས་གནས་མང་ཚོགས་ལ་བཀའ་སློབ་རྒྱ་ཆེར་གནང་ཞིང་། གཞན་བོད་ཀྱི་རྡུང་ལེན་པ་གྲགས་ཅན་རྒན་དཔལ་མགོན་གཙོས་གླུ་བ་གླུ་མ་མང་བོས་སྙན་མོ་ངག་གི་ལེགས་སྐྱེས་མང་དུ་ཕུལ་ལོ། ང་ཚོས་འདི་ལྟ་བུའི་སྲོལ་རྒྱུན་རྒྱུད་འཛིན་དང་རིག་གནས་ཡར་སྤེལ་གྱི་བྱ་བ་སྒྲུབ་མཁན་རྣམས་ལ་ངེས་པར་དོ་སྣང་དང་རྒྱབ་སྐྱོར་བྱ་དགོས་སོ། །

རྒན་དཔལ་མགོན་གྱིས་འཁྲབ་སྟོན་བྱེད་བཞིན་པ།

འགོ་འཛིན་པ།

རིག་རྩལ་འཁྲབ་སྟོན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།
|