ཕྱི་གླིང་མི་བུ་ཞིག་གི་མི་ཚེའི་གཏམ་རྒྱུད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཕྱི་གླིང་མི་བུ་ཞིག་གི་མི་ཚེའི་གཏམ་རྒྱུད།
ཕྱི་གླིང་མི་བུ་ཞིག་གི་མི་ཚེའི་གཏམ་རྒྱུད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-07ལྟ་ཀློག (3308)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

ཕྱི་གླིང་གི་རླབས་ཆེན་གྱི་མི་བུ་ཞིག་གི་མི་ཚེའི་གཏམ་རྒྱུད་ཀྱག་ཀྱོག

ཡིག་སྒྱུར་བ། གོ་བུ་ལྷ་དགའ།

      རྒྱལ་ཁ་ནི་ཕམ་ཁ་དང་བཀྲ་མི་ཤིས་པའི་དོན་ངན་དང་། རང་གི་མི་ཚེའི་ཉམས་མྱོང་དང་། ཐབས་ལམ་དུ་མཐོང་མཁན་གྱི་མི་བུ་དག་ལ་དབང་། མི་བུ་དེ་དག་ལ་རྐང་གཉིས་རྣམས་ཀྱི་མཆོག་གམ་རླབས་ཆེན་གྱི་སྐྱེས་བུ་ཞེས་འབོད། ང་ཚོས་ནམ་རྒྱུན་པེ་ཅིན་གྲོང་ཁྱེར་གྱི་སུམ་མདོ་ཁག་ནས་བགྲང་བྱ་བརྒྱད་ཅུ་ལས་བརྒལ་ཟིན་པའི་མི་རྒན་མགོ་དཀར་ཞིག་གི་པར་སྒོ་ཀླད་དུ་འགེལ་ཡོད་པའི་ཟ་ཁང་མང་པོ་མཐོང་གིན་ཡོད། མ་ཟད་གྲོང་ཁྱེར་གཞན་ཁག་ནས་ཁོའི་པར་སྒོ་ཀླད་དུ་འགེལ་ཡོད་པའི་ཟ་ཁང་བརྒྱ་ཕྲག་མང་པོ་མཐོང་ཐུབ། དེས་ན་ཁོ་དོན་ངོ་མར་སུ་ཞིག་ཡིན་ནམ། ཁོས་ཇི་ལྟར་རླབས་ཆེན་གྱི་རྒྱལ་ཁ་བླངས་པ་ཡིན། ཁོས་རང་གི་མི་ཚེའི་ཁྲོད་ཕམ་ཁ་༡༠༠༩མྱོང་དགོས་བྱུང་། ད་དུང་ཁོས་བཤད་རྒྱུར། ངས་ཐེངས་གཅིག་ལ་རྒྱལ་ཁ་ལེན་ཐུབ་ན་ད་གཟོད་ངའི་ཡིད་སེམས་ཚིམ་སོང་ཞེས་ཟེར།ཁོ་བགྲང་བྱ་ལྔ་ལ་སོན་སྐབས་ཨ་ཕ་ནད་ཀྱི་བར་ཆད་ཀྱིས་ཁྱེར་ཏེ་འཇིག་རྟེན་མི་ཡུལ་དང་ཁ་གྱེས་སོང་། ཡབ་ཚེ་ལས་འདས་རྗེས་ཕ་རྒན་གྱིས་མ་བུ་དག་ལ་ཤུལ་དུ་རྒྱུ་ནོར་གང་ཡང་འཇོག་རྒྱུ་མེད། མ་ཡུམ་གྱིས་ཕྱི་ལོགས་སུ་ལས་ཀ་གཉེར་སྐབས་བྱིས་པའི་དུས་ཀྱི་ཁོས་ཁྱིམ་ནང་དུ་རང་གི་ནུ་བོ་དང་ནུ་མོ་གཉིས་ལ་བདག་སྐྱོང་བྱེད། ཆུང་དུས་ནས་ཟ་མ་བཟོ་ཤེས་མཁན་ཞིག་ཏུ་གྱུར།བགྲང་བྱ་བཅུ་གཉིས་ལ་སོན་སྐབས། མ་ཡུམ་གྱིས་སྐྱེས་པ་གཞན་ཞིག་ལ་གཉེན་སྒྲིག་བྱས། སྐྱེས་པ་དེ་ཁོའི་སྟེང་དུ་བཙན་པོ་གནམ་ལྕགས་ཐོག་དང་འདྲ་བས་མ་ཡུམ་ཕྱི་ལོགས་སུ་བསྐྱོད་སྐབས་སྐྱེས་པ་དེས་ཁོ་ལ་རྡུང་རྡེག་ནན་མོ་བྱས། བགྲང་བྱ་བཅུ་བཞི་ལ་སོན་སྐབས། ཁོས་སློབ་གྲྭ་འདོན་རྒྱུ་མཚམས་བཞག་སྟེ་སློབ་གྲྭ་དང་ཁ་བྲལ། དེ་ནས་བཟུང་ཁོས་གང་སར་ཕྱོགས་བཞི་འཁྱམས་ཉུལ་གྱི་འཚོ་བ་རོལ་འགོ་ཙམ།བགྲང་བྱ་བཅུ་དྲུག་ལ་སོན་སྐབས། ཁོས་རང་གི་ལོ་ཚོད་རྫུན་བཟོ་བྱས་ཏེ་རྒྱང་སྐྱོད་དམག་གི་ནང་དུ་ཞུགས། མཚོ་ཐོག་ཏུ་འགྲུལ་བཞུད་བྱེད་དུས་ཁོ་གྲུ་གཟིངས་ཀྱི་ཐོག་ཏུ་མགོ་ཡུ་ཚབ་ཆེན་འཁོར་གྱིན་ཡོད། དེའི་དབང་གིས་ཁོ་ཕྱིར་རང་ཡུལ་ཏུ་ལོག་ཏུ་བཅུག བགྲང་བྱ་བཅོ་བརྒྱད་ལ་སོན་སྐབས་ཁོས་ཆུང་མ་བསུས། འོན་ཀྱང་ཟླ་བ་ཁ་ཤས་ཀྱི་རྗེས་ནས་ཁོ་རང་གི་ཆུང་མས་ཁོ་ཡི་རྒྱུ་ནོར་ཡོད་ཚད་བཙོང་སྟེ་མོ་རང་ཕྱིར་མ་ཡུམ་གྱི་འགྲམ་ལ་ལོག བགྲང་བྱ་ཉི་ཤུ་ལ་སོན་སྐབས། ཁོ་གློག་ལས་བཟོ་བ་བྱས། རྗེས་ནས་ལྕགས་ལམ་ལས་བཟོ་བ་གྱུར། འོན་ཀྱང་ལས་ཀ་བདེ་བླག་དུ་མ་འགྲུབ།བགྲང་བྱ་སུམ་ཅུ་ལ་སོན་སྐབས་ཉེན་འགོག་ཀུང་སི་རུ་འགྲེམ་འཚོང་གི་བྱ་བ་གཉེར། རྗེས་ནས་ཚོང་བདག་དང་ཁོ་གཉིས་བར་བྱ་དགའི་དངུལ་གྱི་གནད་དོན་ཐད་འཁོན་འཛིང་བྱུང་སྟེ་ལས་ཀ་མཚམས་མི་འཇོག་ཀ་མེད་བྱུང་།བགྲང་བྱ་སོ་གཅིག་ལ་ཐོན་དུས་ཁོས་ཁྲིམས་ལུགས་ལ་སློབ་སྦྱོང་བྱས། གྲོགས་པོས་སྐུལ་མ་གཏོང་ཏེ་ཁོ་ལ་ཁྲིམས་རྩོད་པའི་བྱ་བ་གཉེར་དུ་བཅུག ཐེངས་ཞིག་གྱོད་དོན་འདྲི་གཞི་བྱེད་སྐབས་ཁྲིམས་ཁང་ནང་དུ་དོ་བདག་དང་འཛིང་རེས་རྒྱག་དགོས་བྱུང་།བགྲང་བྱ་སོ་གཉིས་ལ་སོན་དུས་ལས་ཀ་ཡོངས་རྫོགས་ཤོར་ཏེ་འཚོ་བ་ལ་དཀའ་ཁག་ནན་པོ་འཕྲད།བགྲང་བྱ་སོ་ལྔ་ལ་ཐོན་དུས་ཡང་བཀྲ་མི་ཤིས་པའི་དོན་ངན་ཞིག་ཁོའི་མགོ་ཐོག་ཏུ་ལྷུང་བྱུང་། དེ་ནི་ཁོས་རླངས་འཁོར་ཁ་ལོ་བ་བྱས་ཏེ་ཟམ་ཆེན་ཞིག་བརྒལ་སྐབས་ཟམ་པ་ལ་ཆག་འཇིག་བྱུང་ཞིང་མི་དང་རླངས་འཁོར་ཡོད་ཚད་ཆུའི་ནང་དུ་ལྷུང་སོང་། ཚེ་སྲོག་ལ་གནོད་པ་མ་བྱུང་ཡང་ལུས་ཕུང་རྨས་གཞི་ཤིན་ཏུ་ལྕི་བ་དེའི་དབང་གིས་འགྱིག་འཁོར་འགྲེམས་སྟོན་གྱི་ལས་ཀ་གཏན་དུ་ལས་ཐབས་བྲལ། བགྲང་བྱ་བཞི་བཅུ་ལ་སོན་སྐབས། ཁོས་གྲོང་རྡལ་ཞིག་ཏུ་སྣུམ་སྣོན་ས་ཚུགས་ཤིག་བཙུགས། མཚམས་སྦྱོར་བརྡ་ཁྱབ་ཀྱི་སྒོངབྱང་འགེལ་བ་དེས་རྐྱེན་བྱས་ཏེའགྲན་བརྩོད་པའི་སེམས་ལ་ཕོག་ཐུག་བཟོས་ཏེ་རྩོད་གླེང་བྱེད་དགོས་བྱུང་།བགྲང་བྱ་ཞེ་བདུན་ལ་སོན་སྐབས་ཡང་ཁོས་བཟའ་ཟླ་གཉིས་པ་དེ་དང་ཁ་འཐོར་བྱུང་། རང་གི་བྱིས་པ་གསུམ་པོའི་སེམས་ལ་ན་ཟུག་ཟབ་མོ་བཞགབགྲང་བྱ་རེ་གཅིག་ལ་སོན་སྐབས། ཁོ་གྲོས་ཚོགས་ཀྱི་འཐུས་མི་གདམ་ཐོན་བྱེད་པའི་འགྲན་བསྡུར་ཁྲོད་ཞུགས་རྒྱུ་བྱུང་། འོན་ཀྱང་མཇུག་མཐར་འདེམ་ཐོན་མ་བྱུང་།བགྲང་བྱ་རེ་ལྔ་ལ་སོན་སྐབས། སྲིད་གཞུང་གིས་ལམ་བཟོས་པའི་རྐྱེན་བྱས་ཁོའི་སྟབས་བདེའི་བཟའ་ཁང་སྤྲོ་པོ་ཞིག་ཡོད་པ་དེ་བཤིག་སོང་། ཁོས་ཟ་ཁང་ནང་གི་ཡོ་བྱད་ཡོངས་རྫོགས་རིན་གོང་དམའ་མོའི་ངང་ནས་ཕམ་འཚོང་མི་བྱེད་དཀའ་མེད་བྱུང་།བགྲང་བྱ་རེ་བདུན་ལ་སོན་སྐབས་ཁོས་རང་གི་འཚོ་བ་རྒྱུན་འཁྱོངས་བའི་ཆེད་རང་ཉིད་ཀྱིས་ཤེས་པའི་炸鸡技术ལག་རྩལ་ཟ་ཁང་ཆུང་ངུ་དག་ཏུ་སྤེལ་ཐབས་བྱས།བགྲང་བྱ་དོན་ལྔ་ལ་སོན་སྐབས་ཁོ་ལ་སེམས་ཀྱིས་དྲན་ཐུབ་རུང་ལུས་ཕུང་གིས་ལྕོགས་མི་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་། དེའི་དབང་གིས་ཁོས་ཁ་ནང་དུ་འཁོར་ཏེ་རང་གི་གསར་གཏོད་ཀྱི་དངོས་རྫས་དང་ཁེ་དབང་སོགས་ལ་འདང་བརྒྱབ། འགོ་གཙོ་གསར་པ་དེས་གྲོས་གཞི་བཏོན་ཏེ་ཁོའི་ལག་ལ་ཉོ་སྒྲུབ་བྱ་བྱེད་ཀྱི་མ་རྐང་ཁྲི་གཅིག་བཞག་རུང་ཁོ་འཐད་པ་མ་བྱུང་། དེའི་རྗེས་ཀུང་སིའི་མ་རྐང་འཛིན་ཤོག་གོང་འཕེལ་ཆེན་པོ་བྱུང་བ་དང་བསྟུན་ཁོས་དངུལ་ལོ་དུང་ཕྱུར་མང་པོ་ཡོད་པའི་འབྱོར་ལྡན་པ་ཞིག་བྱེད་ཆོག་རུང་མཐར་མཇུག་གོ་སྐབས་དེ་ཤོར་སོང་།བགྲང་བྱ་གྱ་བརྒྱད་ལ་སོན་སྐབས་གཞི་ནས་ཁོས་རང་གི་མི་ཚེའི་ནང་གི་བླ་ན་མེད་པའི་རླབས་ཆེན་གྱི་རྒྱལ་ཁ་དེ་བླངས་ཐུབ་སོང་། ཁོང་ནི་肯德基གསར་གཏོད་པ་ཆེན་མོ་ཧ་ལོོན་ཏི་ཧྲན་ཏི་ཧྲི་རེད། ཁོས་བཤད་རྒྱུར། མི་ཚོས་ནམ་རྒྱུན་གནམ་གཤིས་མི་ལེགས་ཅེས་གནམ་གཤིས་ལ་འཁང་ར་བྱེད། དོན་དངོས་ཐོག་གནམ་གཤིས་མི་ལེགས་པ་མིན། རང་ཉིད་ཀྱི་སེམས་ཁམས་ལ་སྤྲོ་སྣང་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ན་གནམ་གཤིས་ནམ་ཡིན་རུང་བཟང་པོ་ཡིན་ནོ་ཞེས་གསུངས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438625
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།