 | བརྙན་མིང: | རྩོམ་སྒྲིག་པ།: ཁཱ་ཤེས་རབ་རྒྱ་མཚོ། | བལྟས་གྲངས : 8648 | སྤེལ་དུས : 2016-04-09 |
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་པ།
࿐རྒྱ་ཆེ་བའི་གྲོགས་པོ་ཚོའི་སྙན་ལམ་དུ་བསྒྲོན་པར་བྱ་བ་ནི། དུས་ཀྱི་ཆུ་བོའི་བཞུར་སྒྲ་དང་འགྲོགས་ནས་བརྒྱ་ལོ་ཉེར་གཅིག་པའི་མཆོང་སྐྱོད་ཁྲོད་འཛམ་གླིང་ཤར་ནུབ་སྤྱི་དང་། ལྷག་པར་དུ་ཨེ་ཤ་ཡའི་གླིང་ཚོམ་ཆེན་མོའི་གནའ་དེང་གི་ཤེས་རིག་གི་འགྲན་རྩོད་མེ་ལྟར་འབར་ཞིང་། ཆུ་ལྟར་འཁྲུག་བཞིན་པའི་དེ་རིང་། ཤེས་རིག་དང་ཀུན་སྤྱོད། བསམ་བློ་དང་གོམས་སྲོལ། འཚོ་གནས་དང་རིན་ཐང་ཡོད་ཚད་གནའ་བོའི་རྗེས་སུ་འབྲང་བཞིན་པའི་འུ་ཚང་ལའང་། རིགས་ཀྱི་རུས་པ་ལ་ཞེན་གཅེས་ཀྱི་སྣུམ་རྩི་ཡོད་པའི་མི་སྣ་རེ་ཟུང་ཙམ་ཞིག་གིས་དུས་རབས་ཀྱི་ཁུགས་སོ་འདི་ནས་གནའ་དེང་གི་སྙིང་པོ་དག་དུས་ལྟར་བཀོལ་སྤྱོད་ཐུབ་དགོས་པའི་ཤ་ཚའི་སྐད་འབོད་གནང་བཞིན་ཡོད་པ་ལྟར། ཐེངས་འདིར་ངེད་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱ་བོད་དབྱིན་གསུམ་དྲ་བའི་གསར་འགོད་པ་དམངས་ཁྲོད་དུ་བསྐྱོད་དེ༼བོད་མིའི་སེམས་ཁོང་གི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གླེང་བ་༽ཞེས་པའི་ལེ་ཚན་གསར་བ་ཞིག་བཀོད་བསྒྲིགས་བྱས་པའི་ནང་དུ་རྨ་ལྷོ་སོག་རྫོང་གི་མི་རིགས་སློབ་འབྲིང་དགེ་རྒན་ཚེ་རིང་དབང་ལྡན་ལགས་ལ་བཅར་འདྲི་བྱས་ཡོད།
བློ་འདྲི་ཡུལ།
རྒན་འཇིགས་མེད་རྒྱལ་མཚན།
རྒན་བཛྲ་ཚུལ་ཁྲིམས་རྒྱ་མཚོ།
ལྡོང་ཡོན་ཏན་རྒྱ་མཚོ།
གཙོ་སྒྲུབ་ལས་ཁུངས།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས།
རྩོམ་སྒྲིག་འགན་འཁུར་བ།
མགར་རྩེའི་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། མགོན་པོ་རྡོ་རྗེ། འབའ་སྣང་གྲོལ།
བན་ཤུལ་འཇམ་དབྱངས་ཡེ་ཤེས།
ཚེ་རིང་དབང་ལྡན།(པིར་མིང་། ཚེར་མ། ཙཱ་ལན•ཨུ་ནུ) སྤྱི་ལོ1977ལོའི་7པའི་ཚེས22ཉིན་ཁ་གསུམ་ཚོ་ཧོར་ཙཱ་ལན་སྡེ་བར་སྐྱེས་ཤིང་།
སྤྱི་ལོ1986ལོ་ནས་བཟུང་སྔ་གཞུག་ཏུ་མཐོ་ཡུལ་མ་ཞང་སློབ་ཆུང་དང་སོག་རྫོང་མི་རིགས་སློབ་འབྲིང་།
རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭ། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་རིམ་པར་འགྲིམ་ལ།
སྤྱི་ལོ2000ལོར་བྱ་བར་ཞུགས་ནས་དགེ་རྒན་གྱི་ལས་ཀ་གཉེར།
སྤྱི་ལོ2005ལོར་རྫོང་མི་རིགས་སློབ་འབྲིང་དུ་ལས་གནས་སྤར་བ་དང་།
སྤྱི་ལོ2006ལོའི་ཟླ9པར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་ལོ་ངོ་གསུམ་རིང་སློབ་སྦྱོང་བྱས།
སྤྱིི་ལོ2009ལོར《མི་ལའི་མགུར་འབུམ་གྱི་སྐད་ཆའི་སྒྱུ་རྩལ་ཁྱད་ཆོས་དཔྱད་པ》ཞེས་པའི་བསླབ་གནས་དཔྱད་རྩོམ་རྩོད་རྒྱུགས་ཕུལ་ཏེ་རབ་འབྱམས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་ཤིང་མཐར་ཕྱིན།
ད་ལྟ་སྔར་བཞིན་རྫོང་མི་རིགས་སློབ་འབྲིང་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་ཅིང་།
རྨ་ལྷོ་སོག་ཤོག་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་ལས《ཁ་གསུམ་ཚོ་ཧོར》(ནང་ཁུལ་རྒྱུ་ཆ)།《རྨ་ཆུའི་ལྷོ་རྒྱུད་སོག་པོ་མདའ་བཅུ་གཅིག་གི་ནང་ཚན་ཁ་གསུམ་ཚོ་ཧོར་གྱི་བྱུང་བ་བརྗོད་པ་མེས་པོ་དགྱེས་པའི་མཆོད་སྤྲིན》(མཉམ་བྲིས)ཞེས་པ་གཉིས་བྲིས།
སྔ་གཞུག་ཏུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《བདག་པོ》《མཚོ་སྔོན་བོད་ཡིག་ཚགས་པར》《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ》《ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ》《སློབ་རའི་གཏམ་ཚོགས》《ཁྲིམས་ལུགས་ཚགས་པར》སོགས་སུ་སྙན་ངག་དང་།
སྒྲུང་གཏམ། ལྷུག་རྩོམ། དཔྱད་རྩོམ་སོགས་སུམ་ཅུ་ལྷག་སྤེལ།
ཐེངས་འདིའི་བཅར་འདྲི་བྱ་ཡུལ།
རྨ་ལྷོའི་སོག་རྫོང་གི་མི་རིགས་སློབ་འབྲིང་དགེ་རྒན་ཚེ་རིང་དབང་ལྡན།
བཅར་འདྲི་བ།
ཨ་བུ་འབྲོང་། ཁཱ་ཤེས་རབ་རྒྱ་མཚོ།
བརྙན་ལེན་པ།
ཁཱ་ཤེས་རབ་རྒྱ་མཚོ།
བཀའ་དྲིན་ཞུ་ཡུལ།
ལཱ་ཁ་འཇམ་དབྱངས། བསོད་ནམས། ཨ་གདུགས། ཀླུ་ཆུའི་ལྷུན་གྲུབ་བཅས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
|