དགེ་རྒན་བསྟན་པ་བློ་གྲོས།

དགེ་རྒན་བསྟན་པ་བློ་གྲོས།

       བསྟན་པ་བློ་གྲོས་ནི་༡༩༨༠ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཆུ་བ་སྡེ་བར་སྐྱེས།

      ༡༩༨༦ལོར་བཅའ་སྡོད་སློབ་ཆུང་དུ་ཞུགས་ཏེ་ཤེས་རིག་གི་བདུད་རྩིར་རོལ་བའི་མགོ་བརྩམས།

      ༡༩༩༢ལོར་སློབ་མཐར་ཕྱིན་ཏེ་རྫོང་བོད་ཡིག་སློབ་འབྲིང་དུ་རྒྱུགས་འཕྲོད།

      ༡༩༩༤ལོའི་ཟླ་༡༢པའི་ཚེས་༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་མུ་མཐུད་དུ་ སློབ་གཉེར་བྱས།   སྔ་གཞུག་ཏུ་གསུམ་བཟང་སློབ་མའི་དགའ་རྟགས་ཐེངས་གཉིས་ལ་བླངས།

      ༡༩༩༨ལོར་མཚོ་སྔོན་ཞིང་ཆེན་རྩིས་འཁོར་ཆུང་བའི་ལག་རྩལ་གསོ་སྦྱོང་སློབ་གྲྭའི་མགོ་ལོག་ཡན་ལག་སློབ་གྲྭར་རྩིས་འཁོར་ཤེས་བྱར་སློབ་སྦྱོང་བྱས་ཏེ་སློབ་མཇུག་བསྒྲིལ་བའི་ལག་རྟགས་བླངས།

     ༡༩༩༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་ཕྱིར་སློབ་གྲྭའི་དགེ་རྒན་ལ་བཞག

     ༢༠༠༠ལོའི་ཟླ་༩བར་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོའི་རྩིས་འཁོར་སྡེ་ཁག་ཏུ་དུས་ཡུན་ལོ་གཅིག་ལ་རྩིས་འཁོར་ཤེས་བྱར་སྦྱངས།

     ༢༠༠༢ལོའི་ཟླ་བདུན་པར་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་མི་རིགས་སྡེ་ཁག་གིས་བསྒྲུབས་པའི་ཐེངས་དང་བོའི་མི་རིགས་སློབ་འབྲིང་དགེ་རྒན་གྱི་རྩིས་འཁོར་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་སློབ་མཇུག་བསྒྲིལ།

     ༢༠༠༢ལོའི་ཟླ་༩བར་མགོ་ལོག་ཁུལ་ཆོས་ལུགས་མི་སྣའི་ཚན་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་མཐར་ཕྱིན།

     ༡༩༩༩ལོ་ནས་༢༠༠༦ལོའི་བར་སློབ་གླིང་འདི་ནས་རྒྱ་ཡིག་དང་བོད་ཡིག རྩིས་འཁོར་བཅས་ཀྱི་དགེ་རྒན་བྱས།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-30 ལྟ་ཀློག (4475)