དགེ་རྒན་ལུས་ཙོའོ་ཡུན།

དགེ་རྒན་ལུས་ཙོའོ་ཡུན།

      དགེ་རྒན་ལུས་ཙོའོ་ཡུན་ནི་༡༩༦༧ལོར་སྐྱེས། མཚོ་སྔོན་མི་རིགས་སློབ་གླིང་གི་དངོས་ལུགས་སྡེ་ཁག་ཏུ་མཐར་ཕྱིན་རྗེས། ༡༩༩༡ ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་གཉེར། སྐབས་དེར་ཁོང་གི་སློབ་མ་དག་གིས་ཁུལ་ཡོངས་ཀྱི་འབྲིང་རིམ་རྒྱུགས་ལེན་ཁྲོད་དུ་རྒྱུགས་འབྲས་ལེགས་པོ་ཐོབ་པས་ཁོང་ལ་རྫོང་རིམ་པའི་གཟེངས་རྟགས་ཐོབ། ༡༩༩༧ ལོར་རྫོང་སློབ་དཔྱོད་ཁང་དུ་ལས་གནས་སྤར་བ་དང་སློབ་གསོའི་སྐོར་གྱི་ཞིབ་འཇུག་བྱ་བ་བསྒྲུབས། ༢༠༠༡ལོར་རྫོང་རིམ་པའི་ ཕུལ་བྱུང་དགེ་རྒན་དུ་བདམས་པ་དང་། ཁོང་གིས་བརྩམས་པའི་༼གྲངས་ཉུང་མི་རིགས་ཀྱི་ས་ཁུལ་སློབ་གསོའི་གནས་བབ་དང་ལམ་ཕྱོགས་རགས་བཤད།༽ཅེས་པའི་དཔྱད་རྩོམ་དེ་ཉིད་སློབ་གསོའི་གླེང་སྟེགས་ཞེས་པར་བཀོད། ༢༠༠༢ལོའི་ཟླ་༡༠བའི་ ནང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ནས་མི་ལོ་བརྒྱད་ལྷག་གི་རིང་ལ་རྒྱ་ཡིག་གི་སློབ་ཁྲིད་གནང་མྱོང་ངོ་།'



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-30 ལྟ་ཀློག (4444)