༢༠༡༤ལོའི་དགེ་ལས་ཞལ་འདེབས་པ་ངོ་སྤྲོད།


སྤྲུལ་སྐུ་མན་ངག་རྡོ་རྗེ།

      སློབ་ཆུང་དང་སློབ་འབྲིང་མཚོ་ལྷོ་འབའ་རྫོང་དུ་སློབ་མཐར་ཕྱིན་པ་དང༡༩༩༩ལོར་མཚོ་ལྷོ་དགེ་འོས་གྲྭར་རྒྱུགས་འཕྲོད་པར་མ་ཟད་༢༠༠༣ལོར་སློབ་གྲྭ་དེའི་རྩིས་འཁོར་འཛིན་གྲྭ་ནས་སློབ་མཐར་ཕྱིན།  དེའི་ཕྱི་ལོར་སྐུ་འབུམ་ནས་རབ་ཏུ་བྱུང་ལ་རྭ་རྒྱ་ནས་ཚོགས་ལ་ཞུགས་པ་ཡིན། ༢༠༡༤ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དགེ་ལས་ཞལ་འདེབས་པའི་ཁྲོད་དུ་ཞུགས་ཏེ་ལྷག་བསམ་རྣམ་དག་གིས་ཉིན་རེར་སྒོར་གཅིག་རེ་ཞལ་འདེབས་འབུལ་བཞིན་ཡོད།

སྦྲ་སར་སྤྲུལ་སྐུ་ཚེ་རིང་བསམ་འགྲུབ།

        སྦྲ་སར་སྤྲུལ་སྐུ་ཚེ་རིང་བསམ་འགྲུབ་ལགས་ནི་སྦྲ་སར་སྐྱེ་ཁམས་ཨ་སྐྱོང་སྦྲ་སར་དགོན་པའི་དགོན་བདག སྦྲ་སར་ཕ་སྐད་མྱུར་སྐྱོབ་ཚོགས་པའི་ཚོགས་གཙོ། མགོ་ལོག་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི།  ཁོང་གིས་སྦྲ་སར་རི་དགོན་གཉིས་ལ་ཕྱིའི་དཔལ་འབྱོར་དང་ནང་གི་བསམ་བློ་སོགས་གང་ཅིའི་ཐད་ནས་འགན་ཁུར་གཙོ་བོ་བཞེས་ཡོད། ༢༠༡༤ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དགེ་ལས་ཞལ་འདེབས་པའི་ཁྲོད་དུ་ཞུགས་ཏེ་ལྷག་བསམ་རྣམ་དག་གིས་ཉིན་རེར་སྒོར་བཅུ་རེ་ཞལ་འདེབས་འབུལ་བཞིན་ཡོད།


སྨན་པ་མརྒད།

       སྨན་པ་མརྒད་ལགས་ནི་ནི་སྤྱི་ལོ་༡༩༦༥ལོའི་ཟླ་༡༠བའི་ཚེས་༢ཉིན་རྨ་ཆུའི་ཉིན་མར་སྐྱེས། ༡༩༨༨ལོར་རྨ་ཆུའི་ཡུལ་ཚོ་ཞིག་ཏུ་སྨན་པ་བྱས།༢༠༡༤ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དགེ་ལས་ཞལ་འདེབས་པའི་ཁྲོད་དུ་ཞུགས་ཏེ་ལྷག་བསམ་རྣམ་དག་གིས་ཉིན་རེར་སྒོར་གཅིག་རེ་ཞལ་འདེབས་འབུལ་བཞིན་ཡོད་ལ། ད་ལྟ་རྨ་ཆུ་རྫོང་བོད་སྨན་ཁང་གི་ཧྲུའུ་ཅིིའི་འགན་ཁུར་ཡོད།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-30 ལྟ་ཀློག (6647)