རྟགས་འཇུག་གི་སློབ་དེབ་ངོ་སྤྲོད།


       རྟགས་འཇུག་གི་སློབ་དེབ་བློ་གསལ་འགུལ་རྒྱན་གྱི་ནང་དོན་གནད་བསྡུས་ནི་དམུ་དགེ་བསམ་གཏན་རིན་པོ་ཆེའི་བློ་གསལ་འཇུག་ངོགས་གཞིར་བཞག་སྒོས་དཀའ་གནད་ཕྱོགས་ཀྱི་དྲི་བ་དྲིས་ལན་བཅས་བསྒྲིགས་ཡོད། 

       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་བྱའི་དེབ་ཕྲེང་འདི་ནི་དགེ་སློབ་ཡོངས་ཀྱི་མི་ལོ་མང་བོའི་ཉམས་མྱོང་དག་གཞིར་བྱས་ཏེ་གུང་གསེང་སོགས་ཁོམ་ལོང་གང་ཡོད་དུ་དག་བསྒྲིགས་དང་གྲོས་བསྡུར་རབས་དང་རིམ་པ་མང་བོ་བྱས་ཤིང་།    ད་དུང་དགོན་པའི་དགེ་བཤེས་དང་སྤྱི་ཚོགས་སྟེང་གི་ཆེད་མཁས་པ་སོགས་གདན་འདྲེན་དང་ཆེད་བཅར་བཀའ་འདྲི་བཅས་རེ་ཞིག་གཏན་ལ་ཕབ་སྟེ་པར་དུ་བཀོད་པ་ལགས་སོ།  །


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-28 ལྟ་ཀློག (27890)