ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།


དང་བོ།      སློབ་གླིང་འདིར་ཞུགས་མཁན་རྣམས་ངེས་པར་དུ་སྐྱེས་པ་(འདིར་སྐྱ་སེར་གཉིས་ཀ་འདུ)ཡིན་དགོས།

གཉིས་པ།    མིང་ཐོ་འགོད་སྐབས་དུས་རྒྱུན་རང་ཉིད་དངོས་སུ་ཡོང་བའམ་ཡང་ན་ཚབ་ཏུ་མིང་ཐོ་འགོད་ཆོག་མོད་སློབ་བསྡུའི་དུས་ཚོད་ལ་ཁེལ་ཚེ་ངེས་པར་དུ་གསར་ཞུགས་སློབ་མིའི་ཐོ་བྱང་ཁྱེར་ཏེ་རང་ཉིད་དངོས་སུ་སློབ་གླིང་དུ་ཐོན་དགོས།

གསུམ་པ།   མིང་ཐོ་འགོད་སྐབས་རང་གི་ཉེ་པར་གཅིག་དང་ཐོབ་དཔང་ངམ་ཁྱིམ་ཐོ་གང་རུང་དང་། རྟེན་གྲྭ་བ་ཡིན་ན་དགོན་པའི་གནང་ཡིག་དགོས་པར་མ་ཟད་ཆབ་སྲིད་དང་མ་འགལ་བ་ཞིག་ཡིན་དགོས།  མིང་ཐོ་འགོད་བྱང་སོགས་ལ་སྒོར་བརྒྱ་དགོས།

བཞི་བ།     མིང་ཐོ་འགོད་པའི་དུས་ཡུན་ནི་ལོ་རེའི་སྤྱི་ཟླ་༩ བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་༩བའི་ཚེས༨བར་ཡིན།

ལྔ་བ།       སློབ་མ་བསྡུ་ལེན་བྱེད་སྟངས་ནི་མིང་ཐོ་བཀོད་པའི་ཨང་རིམ་དང་རྒྱུགས་གཞིའི་སྐར་གྲངས་བསྡུར་ནས་བསྡུ་ལེན་བྱེད་བཞིན་ཡོད། 

དྲུག་པ།     སློབ་མ་གསར་དུ་བསྡུ་བའི་བརྒྱུད་རིམ་ཁྲོད་ནས་རྒྱུ་ཐོབ་ངོ་གསུམ་གྱི་འབྲེལ་བ་གཏན་འགོག་བྱས་ཡོད། 

བདུན་པ།   མིང་ཐོ་བཀོད་ཀྱང་ལོ་དེར་རྒྱུགས་ལ་མ་ཞུགས་ཚེ་མིང་ཐོ་ནུས་མེད་དུ་གྱུར་བ་ཡིན། 

བརྒྱད་པ།   སློབ་མ་གསར་བསྡུའི་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་ལོ་དེར་རྒྱུགས་མ་འཕྲོད་ཀྱང་ལོ་རྗེས་མར་མིང་ཐོ་ནུས་ལྡན་ཡིན། 

དགུ་བ།     ཉུང་མཐར་ཡང་བསྟུད་མར་ལོ་གསུམ་ལ་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་དམིགས་བསལ་གྱིས་ཞུགས་ཐུབ།

བཅུ་བ།     སློབ་བསྡུའི་རྒྱུགས་ལེན་སྐབས་སྐར་གྲངས་རྩེར་སོན་པ་ཞིག་ལེན་ཐུབ་ན་མིང་ཐོ་ཆེས་རྗེས་སུ་ལྷུང་ཡང་སློབ་གྲྭར་ཞུགས་ཐུབ།

བཅུ་གཅིག་པ།   གསར་ཞུགས་སློབ་མར་མལ་ཆས་ཆ་ཚང་དང་། མལ་ཁང་ནང་གི་མཁོ་ཆས།  ཁྲུས་རྫས་ཆ་ཚང་སོགས་སློབ་གླིང་རང་གིས་བཀོད་བསྒྲིགས་བྱས་ཡོད་པས་གསར་ཞུགས་སློབ་མས་ཕྱི་ནས་ཉོ་མི་དགོས།

བཅུ་གཉིས་པ། སྔར་ཡོད་སློབ་མར་མལ་ཐུལ་དང་སྟན་གྱི་གཡོགས་སོགས་སློབ་གྲྭས་གཅིག་གྱུར་ལྟར་བཀོད་བསྒྲིགས་བྱས་ཡོད་པས་གསར་དུ་ཉོ་མི་དགོས།

བཅུ་གསུམ་པ། སྤྱི་ཟླ་དགུ་བའི་ཚེས་༼༤ -༧༽བར་གསར་ཞུགས་སློབ་མར་རྒྱུགས་ཞུགས་མིང་ཐོ་འགོད་རྒྱུ་དང་།  ཚེས་༨ཉིན་རྒྱུགས་ལེན་རྒྱུ་ཡིན་པས་དུས་ལྟར་ཕེབས་པར་ཞུ།

འདིའི་སྐོར་ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་གནས་ལ་དྲིས་ཆོག

འབྲེལ་གཏུག་བྱ་ཡུལ།


ཁ་པར། 18097158222  


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-27 ལྟ་ཀློག (91038)