གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་༼ལྗང་མདོག་གི་འཇིག་རྟེན་༽ཞེས་པའི་བྱ་འགུལ་ཞིག་སྤེལ།

ལྗང་མདོག་གི་འཇིག་རྟེན།

       ༢༠༡༣་༡༢་༡ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་གངས་ལྗོངས་རྩྭ་ཐང་བུད་མེད་སློབ་གྲྭར་ལྗང་མདོག་གི་འཇིག་རྟེན་ཞེས་པའི་རྩོམ་རིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།   བྱ་འགུལ་གྱི་སྟེང་དུ་སློབ་དཔོན་འཇིགས་མེད་རྒྱ་མཚན་མཆོག་གིས་གལ་ཆེན་རང་བཞིན་གྱི་དུས་བབ་བཀའ་སློབ་དང།  དགེ་རྒན་གྱི་འཐུས་ཚབ་པ་དང་ངེད་སློབ་གླིང་ལྗང་སྒྱུར་ཚན་ཆུང་གི་འཐུས་ཚབ་པ་སོགས་ཀྱིས་གཏམ་བཤད་གནང་ཞིང་། མཐར་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ཚོར་རྒྱལ་ཁའི་གཟེངས་རྟགས་འོས་འཚམ་རེ་གནང་རྗེས་བདེ་ལེགས་ངང་མཇུག་རྫོགས་སོ།།

བུད་མེད་སློབ་གྲྭའི་སློབ་མ་ཚོས་དད་གུས་ངང་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་གུས་པས་བསུ་བཞིན་པ།

ཁོང་གིས་ནང་སེམས་དང་འབྲེལ་བའི་ཁོར་ཡུག་ཕྱོགས་ཀྱི་ཐོག་མའི་གསུང་བཤད་གལ་ཆེན་གནང་བ།

བྱ་འགུལ་མ་སྤེལ་སྔོན་དུ་སློབ་གྲོགས་ཚོས་ཁོར་ཡུག་གཙང་དག་བྱེད་བཞིན་པའི་ཟུར་ཙམ།


ཉིན་དེའི་ཚོགས་རའི་ཟུར།

ཚོགས་ཞུགས་མི་སྣ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་དང་། བུད་མེད་སློབ་གྲྭའི་དགེ་སློབ་ཡོངས།

འགྲན་སྡུར་གྱི་གཟེངས་རྟགས་སྣ་ཚོགས།

དགེ་རྒན་རྣམ་པས་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ཚོར་གཟེངས་རྟགས་གནང་བཞིན་པ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཨང་དང་བོ་ཐོབ་མཁན་ལ་གཟེངས་རྟགས་གནང་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་དབུ་ཁྲིད་འོག་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་༼ལྗང་མདོག་གི་འཇིག་རྟེན་༽ཞེས་པའི་རྩོམ་རིག་འགྲན་སྡུར་བྱ་འགུལ་ཞིག་སྤེལ།

མཛུབ་སྟོན་དགེ་རྒན།        སློབ་དཔོན་འཇིགས་མེད་རྒྱལ་མཚན།

ཁྲིད་སྟོན་དགེ་རྒན།         དགེ་རྒན་གྱི་ལིང་འཇིགས་མེད།

རོགས་སྒྲུབ་པ།             ཚེ་རིང་དོན་གྲུབ་དང་མི་འགྱུར་རྡོ་རྗེ།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5717)