སྒྲོལ་མ་མཚོ།

        སྒྲོལ་མ་མཚོ་ནི་༡༩༩༤ལོར་དཔའ་ལུང་རྫོང་ཁུལ་ནས་སྐྱེས།   ༢༠༠༥ལོ་ནས་༢༠༡༠ལོའི་བར་རང་ཡུལ་གྱི་སློབ་ཆུང་འགྲིམས།   ༢༠༡༡ལོར་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཞུགས་ཏེ་གསོ་རིག་གཙོས་རྒྱ་ཡིག་དང་བོད་ཡིག་ལོ་གསུམ་ལ་སློབ་སྦྱོང་བྱས།   སློབ་མཐར་ཕྱིན་རྗེས་མཚོ་སྔོན་གསོ་རིག་སློབ་ཆེན་དུ་རྒྱུགས་སྤྲད།   ༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སོང་སྟེ་ལས་བཟོ་བའི་འགན་ཁུར་བ་དང་། ཞོར་དུ་སློབ་གྲྭ་འགྲིམ་བཞིན་ཡོད།



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (4927)