དགེ་རྒན་བསམ་འཕེལ་རྡོ་རྗེ།


        དགེ་རྒན་བསམ་འཕེལ་རྡོ་རྗེ་ནི་སྤྱི་ལོ་ ༡༩༨༢ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་དུ་སྐྱེས་ཤིང་།   ༡༩༩༦ལོར་གཞན་ཡུལ་དུ་སོང་སྟེ་ལོ་ངོ་བཅུ་གཅིག་གི་རིང་སློབ་གྲྭར་འགྲིམ།  ༢༠༠༧ལོར་ཕ་མའི་རེ་བ་ལྟར་ཕྱིར་རང་ཡུལ་དུ་ལོག   ༢༠༠༨ལོ་ནས་༢༠༠༩ལོའི་བར་དགའ་བདེ་རྫོང་བོད་ཡིག་སློབ་འབྲིང་དུ་ལོ་གཅིག་གི་རིང་དབྱིན་ཡིག་སློབ་ཁྲིད་བྱས།   ༢༠༠༩ལོ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐོ་འབྲིང་རིམ་པའི་འཛིན་གྲྭ་སྤྱི་དང་ཁྱད་པར་དུ་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭའི་དགེ་རྒན་གྱི་འགན་ཁུར་ཡོད་ཅིང་།   ༢༠༡༡ལོ་ནས་འཛིན་བདག་དགེ་རྒན་གྱི་འགན་འཁུར་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5074)