བློ་བཟང་ཤེས་རབ།


     དགེ་རྒན་བློ་བཟང་ཤེས་རབ་ནི་སྤྱི་ལོ་༡༩༨༢ལོར་རེབ་གོང་རྫོང་གཉན་ཐོག་སྡེ་བར་སྐྱེས།  ཆུང་དུས་ལོ་གསུམ་ཙམ་ལ་སློབ་ཆུང་འགྲིམས་ཤིང་།  ལོ་བཅུ་གཅིག་གི་སྟེང་རབ་ཏུ་བྱུང་ནས་གཉན་ཐོག་དགོན་བཀྲ་ཤིས་དར་རྒྱས་གླིང་གི་ཆོས་སྒོར་ཞུགས། དེ་ནས་རིམ་པར་དགོན་པའི་འདོན་ཆོ་ག་སོགས་ཆ་ཚང་བློར་བཟུང་།

     སྤྱི་ལོ་༡༩༩༧ལོ་ནས་ཁྱིམ་མི་ཚོའི་མདུན་ནས་ལྷ་རིས་འབྲི་བར་སྦྱངས་རྗེས་བོད་ཀྱི་དགོན་སྡེ་མང་ཙམ་དང་རྒྱལ་ཁབ་ཕྱི་ནང་།  གདན་ས་ཆེ་ཁག་སོགས་སུ་སོསོའི་འདོད་མོས་བཞིན་ལྷ་སྐུ་བཞེངས་པས་བསྔགས་བརྗོད་མང་བོ་ཐོབ།    སྤྱི་ལོ་ ༢༠༠༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་སྦྱང་བྱ་མཐའ་དག་ལ་འབད་པས་སྦྱངས།  བསྟུད་མར་ལོ་ཁ་ཤས་ལ་གསུམ་བཟང་སློབ་མ་དང་ཀུན་སྤྱོད་སློབ་མའི་བྱ་དགའ་ཐོབ།   སྤྱི་ལོ་༢༠༠༧ལོར་སློབ་མཐར་ཕྱིན་རྗེས་སླར་ཡང་སློབ་གླིང་དུ་ཡོང་ནས་དགེ་རྒན་དཀྱུས་མ་ཙམ་དང་།  སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭའི་འཛིན་བདག་དགེ་རྒན་གྱི་འགན་ཁུར་མྱོང་།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (12301)