སྨན་རམས་པ་ཚེ་བཀྲ།

སྨན་རམས་པ་ཚེ་བཀྲ་ངོ་སྤྲོད་མདོར་བསྡུས།

སློབ་གསོའི་ལས་དོན་ལ་རྒྱབ་སྐྱོབ་དང་དབུལ་ཕུང་ནད་པའི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་གྱི་ཏང་ཡོན་རྒན་པའམ་གསོ་རིག་ལས་དོན་ལ་ཕྱག་རྗེས་ཟབ་པའི་སྨན་རམས་པ་ཚེ་བཀྲ་མཆོག་ནི་༡༩༥༡ལོར་མིང་དུ་གྲགས་པའི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་ཉེ་འདབས་ཀླུ་ཐང་དུ་སྐྱེས་ཤིང་།   ལོ་བརྒྱད་ཀྱི་སྟེང་ཐང་ནག་སློབ་གྲྭར་ཞུགས་ཏེ་ལོ་གསུམ་གྱི་རིང་ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱངས་པ་བྱས།   རང་ལོ་བཅོ་ལྔའི་སྟེང་རྐང་རྗེན་སྨན་པར་བྱས་ཏེ།  མི་ཚེ་འདིར་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བག་ཆགས་རྒྱུད་ལ་ངང་གིས་སྐྱེས།  ཁོང་རྒྱ་ཆེའི་མང་ཚོགས་ལ་སྨན་བཅོས་ནད་གསོ་བྱེད་པ་དང་ཞོར་དུ་རྒྱའི་གསོ་རིག་ལ་སྦྱངས་པ་དང་།  དེ་དུས་ནས་བོད་རང་གི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ལ་སློབ་འདོད་ཀྱི་འདུན་པ་དྲགས་པོས་བསྐུལ་ཏེ་བོད་སྨན་རང་སྦྱོང་བྱེད་འགོ་བརྩམས་ཞིང་།  སྔ་གཞུག་ཀུན་ཏུགཞུང་ལུགས་འབུམ་སྡེའི་ཕ་མཐར་སོན་པའི་སློབ་དཔོན་དམ་པ་མང་བོ་ཞིག་གི་ཞབས་སེན་སྤྱི་བོས་བཀུར་ཏེ་གསོ་རིག་གི་གཞུང་ལུགས་མང་བོ་སྦྱངས་པ་བྱས།   ལྷག་པར་དུ་ལག་ལེན་དང་སློབ་གཉེར་ཟུང་འབྲེལ་གྱིས་རྒྱུད་བཞི་དང་ཤེལ་ཕྲེང་།    ཟིན་ཏིག   ལག་ལེན་དམར་ཁྲིད་ཀྱི་སྐོར་བཅས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས་གཞན་དྲང་མི་འཇོག་པའི་སྨན་པ་བཟང་བོ་ཞིག་ཏུ་གྱུར། 

ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་གཏོང་གང་ཐུབ་དང་ཅི་ནུས་ཀྱིས་མང་ཚོགས་ལ་སྟབས་བདེ་བཟོས་པར་མ་ཟད།   ལམ་ཐག་གི་རིང་ཐུང་དང་ནམ་ཟླའི་དྲོད་གྲང་གི་སྐུ་ངལ་ལ་མ་འཛེམ་པར་མྱུར་སྐྱོབ་དང་སྨན་བཅོས་བྱས་པའི་ནད་པ་ནི་གང་སར་ཡོད།   ལྷག་བསམ་ཟོལ་མེད་ཀྱིས་གསོ་རིག་པདྨའི་འཛུམ་ཟེར་གང་སར་མངོན་པར་སྤྲོ་བ་ཆེན་པོས་བཏེགས་ནས་ས་གནས་མང་བོར་ཕེབས་ཏེ་གསོ་རིག་གི་རྒྱུད་སྤེལ་ཞིང་སློབ་མ་མང་དུ་བསྐྱངས།   ཁོང་གིས་སྲོལ་རྒྱུན་གསོ་གི་གཞུང་ལུགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་པ་ལས་ད་དུང་ལག་རྩལ།  མཉམ་མྱོང་སོགས་ལའང་ཤུགས་སྣོན་རྒྱ་ཆེན་པོར་གནང་བ་སྟེ་སྨན་རྩ་བཏུ་བསྒྲུབ་བྱེད་པ།   སྨན་རྩ་ཉར་ཚགས་བྱེད་དང་དོ་དམ་བྱེད་པ།  སྨན་སྦྱོར་གྱི་ལག་ལེན་དངོས་དང་འབྲེལ་བ།  སྨན་རྩ་འདེབས་འཛུགས་བྱེད་པ་བཅས་ཀྱི་ལག་ཆེད་ལས་ཀྱི་ཤེས་བྱ་སྐོར་ཅིག་སློབ་ཁྲིད་གནངས་པ་རེད།  སྔ་གཞུག་ཀུན་ཏུ་སློབ་མ་༧༠ལྷག་ཙམ་གསོ་སྐྱོང་བྱས་པའི་ནང་ཆེད་ལས་མི་སྣ་མང་བོའི་ཁར་སྲིད་འཛིན་ལས་བྱེད་པ་དང་གཞི་རིམ་གྱི་སྨན་པ།   དགོན་སྡེའི་གྲྭ་བ་སོགས་ས་གནས་སོ་སོའི་མི་སྣ་ཡོད་པ་དེ་དག་ལས་ད་ལྟ་མང་ཆེ་བ་ནི་སྨན་ཁང་གི་འགན་འཛིན་པའམ་རྐང་འཛིན་པར་གྱུར་ཏེ་སྤྱི་ཚོགས་ཀྱིས་དགའ་བསུ་དང་ཁས་ལེན་བྱས་དང་བྱེད་བཞིན་པའི་སྒང་ཡིན་པས་འདི་དག་ནི་ཁོང་གིས་མི་རིགས་ལ་བཅངས་པའི་ལྷད་མེད་ཀྱི་ལྷག་བསམ་དཀར་བོ་ཁོ་ན་ཉིད།  

མི་རིགས་སློབ་གསོའི་འཕེལ་རྒྱས་ལ་བསམ་གཞིགས་ཚད་མེད་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་དུ་རྒྱུ་འབྱང་གི་རྟགས་བཅོས།    གློ་བའི་ཐུམ་སྐྲན་ཀྱི་ རྟགས་བཅོས་སོགས་ཆེད་རྩོམ་མང་དུ་སྤེལ་བ་མར་ཟད།   ཆེད་རྩོམ་འགའ་ཞིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།   ཁོང་གིས་ཕྱོགས་གཅིག་ནས་སྨན་བཅོས་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ཤིང་ཐ་ན་སློབ་མ་མང་བོའི་འཚོ་བའང་ཁོང་ཉིད་ཀྱིས་ཕུད་དེ་གསོ་བ་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་ད་དུང་སྔོ་སྨན་ངོས་འཛིན་ལ་ཞིབ་བསྡུར་ལེགས་པོ་བྱས་ཏེ་སྔོ་སྦྱོར་ལ་ཞིབ་འཇུག་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་ནས་མི་རིགས་སློབ་གསོ་དང་དབུལ་ཕུང་མང་ཚོགས།  ད་དུང་སློབ་མ་དཀའ་ངལ་ཅན་ལ་ཐུགས་ཁུར་ཚད་མེད་གནང་བ་རེད།   

ས་གནས་སོ་སོའི་མི་དམངས་ཀྱི་སློབ་གསོ་གཙོ་བོར་བཟུང་ནས་དཀའ་ཚགས་ཆེ་བའི་སློབ་མ་དང་ཁྱིམ་ཚང་ལ་སྨན་སྦྱིན་དང་མ་དངུལ་གྱིས་རོགས་སྐྱོར་བྱས་པ་དཔག་དཀའ་ནའང་ཧ་ཅང་ཕྲ་བའི་རྣམ་པ་ཅུང་ཟད་ཙམ་ཞིག་དགོས་དབང་གིས་བཤད་ པར་བྱས་ན་འདི་ལྟ་སྟེ།    ཁོང་གིས་ས་གནས་སོ་སོའི་མི་དམངས་ཀྱི་བདེ་སྡུག་ཕྲག་ཏུ་འཁུར་བཞིན་ནད་པའི་འགྲོ་གྲོན་ཆེ་བ་དང་ས་གནས་འདིར་ཡོང་བའི་དཀའ་ཚགས་སེལ་བར་ཐབས་སྣ་ཚོགས་ཀྱིས་ཕྱོགས་ཡོངས་ཀྱི་སློབ་མ་རྣམས་ལ་སྨན་སྦྱིན་ གནང་ནས་ངེས་པར་དུ་ནད་པའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ཞེས་གསུངས་ཏེ།    ༢༠༠༢ལོར་ཁྲི་ཀ་རྫོང་གི་བཟོད་པ་དང་ཆོས་གྲགས།   མགོན་པོ་དང་ཤེས་རབ་སོགས་བསྡོམས་པའི་སློབ་མ་ཉེར་གཅིག་ལ་སྒོར་བཞི་ཁྲི་ལྔ་སྟོང་སུམ་བརྒྱ་ཉེར་བཞིའི་སྨན་སྦྱིན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཕྱོགས་ལ་ཤུགས་སྣོན་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ་སློབ་གསོའི་ལས་དོན་ལའང་ཐུགས་ཁུར་བླ་མེད་གནང་བཞིན་ཡོད། 

ཉིས་སྟོང་གསུམ་ནས་ལྔའི་བར་དུ་གཞན་ཕན་དང་ལྷག་བསམ་གྱིས་འདབ་མ་ལྷུག་པོར་གྲོལ་ཏ་སློབ་མའི་བདེ་སྡུག་ལ་ཐད་ཀར་འབྲེལ་བ་ཡོད་པའི་མཆིན་ནད་ལྡེམ་བུའི་ནད་རིགས་སྔོན་འགོག་དང་སྨན་བཅོས་བྱེད་ཆེད་དུ་རྫོང་ཡོངས་ཀྱི་མི་རིགས་སློབ་འབྲིང་གཙོ་བྱས་ནས་སློབ་གྲྭ་སོ་སོར་བསྡོམས་པའི་སྒོར་ལྔ་སྟོང་ལྷག་ དང་།   མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་སྒོར་བདུན་སྟོང་ལྷག་གིས་སྨན་སྦྱིན་བྱས།  གཞན་ད་དུང་གཅན་ཚ་མི་རིགས་སློབ་འབྲིང་ལ་སྒོར་ལྔ་སྟོང་ལྷག་གི་སྨན་སྦྱིན་གནང་བ་དང་།   ར་རྒྱ་ཤེས་རིག་ནོར་གླིང་དུ་སྐུ་དངོས་སུ་སླེབས་ནས་རིན་མེད་པར་སློབ་མ་༤༠༠ལྷག་ལ་མཆིན་ནད་ལ་བརྟག་དཔྱད་བྱས་ཏེ་སློབ་མ་༩༢ལ་སྨན་བཅོས་བྱས།   དཔྱད་ཆས་དང་སྨན་རིན་བསྡོམས་པའི་སྒོར་ཆིག་ཁྲི་ལྷག་གིས་རོགས་སྐྱོར་གནང་སྟེ་རྒྱབ་སྐྱོར་བྱས་པ་དང་།   ལོ་འདིར་མཆིན་ནད་ལྡེམ་བུ་སྔོན་ འགོག་བྱེད་པའི་ཆེད་དུ་སློབ་གྲྭ་དང་དགོན་སྡེ།   གྲོང་སྡེ་དང་གྲོང་བརྡལ།   ལྷག་པར་དུ་གཞི་རིམ་མང་ཚོགས་བཅས་ལ་བསྡོམས་པའི་སྒོར་ཁྲི་དྲུག་གི་སྨན་སྦྱིན་གནང་དེ་འགྲོ་དོན་རྒྱ་ཆེན་པོར་མཛད།  གཞན་ད་དུང་།   གསོ་རིག་སློབ་གསོའི་འཕེལ་རྒྱས་དང་རིག་གནས་སྲུང་སྐྱོབ་བྱེད་པའི་ཆེད་དུ་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་ སློབ་མ་སོགས་ལ་སྒོར་ལྔ་སྟོང་ལྷག་གི་རོགས་སྐྱོར་བྱས་ཏེ་མི་རིགས་སློབ་གསོ་འདི་གོང་འཕེལ་དུ་གཏོང་དགོས་པའི་བསླབ་བྱ་གང་མང་གནང་།  

    ༢༠༠༥ལོ་ནས་ད་བར་དུ་མི་དམངས་ཀྱི་བདེ་སྡུག་དང་མི་རིགས་སློབ་གསོའི་ཆེད་དུ་ཐུགས་ཁུར་གནང་སྟེ་མཛད་པ་འཕྲིན་ལས་ཕྱོགས་ཀུན་ཏུ་ཁྱབ་པ་འདི་ལྟ་སྟེ།  འགྲོ་བ་ནད་པའི་ལུས་ཀྱི་སྡུག་བསྔལ་སེལ་གང་ཐུབ་ཀྱིས་སྡི་ཚ་དགོན་པ་ནས་དབུལ་ ཕུང་གི་ནད་པ་ཆིག་སྟོང་དྲུག་བརྒྱ་ལྷག་ལ་དམངས་སྒོར་བཞི་ཁྲི་ཉིས་སྟོང་གིས་སྨན་ སྦྱིན་གནང་།   ཀོས་ནན་བྱ་མདོ་ཞང་བོན་སྐོར་སྡེ་བའི་སློབ་མ་ཟོན་ཐར་རྒྱལ་ལ་སྒོར་ཉིས་སྟོང་བདུན་བརྒྱ་བཞི་བཅུ་ཞེ་དྲུག་གིས་རོགས་རམ་བྱས་ཏེ་གནས་དེའི་མི་དམངས་ཀྱི་འགྲོ་གྲོན་ལ་སྟབས་བདེ་གང་ལེགས་གནང་།   རྩེ་ཁོག་རྫོང་ཉིན་ཞིག་ ཞང་ལ་སྨན་རིན་སྒོར་ཁྲི༩ལྷག་གི་སྨན་སྦྱིན་གནང་བ་དང་།  ད་དུང་སྐུ་འབུམ་བྱམས་གླིང་ལས་རིགས་ལག་རྩལ་དྭ་ཕྲུག་སློབ་གྲྭར་ ཀྷཻཤྷིགྷཱིརྐྱེཁྪུ༥ཥེཾབྭཏྐིསྡྱོངྭཱུངྲཱྀགྲཽལྷག་བསམ་འཁོལ་བའི་ངང་ནས་སྒོར་སྟོང་ལྔའི་རྒྱབ་སྐྱོར་བྱས་པ་དང་།    ཐུན་ཏེ་རྫོང་ཐང་ནག་ཞིང་བཅའ་བསྡོད་སློབ་གྲྭར་སྔ་གཞུག་ ཀུན་ཏུ་སྒོར་ལྔ་སྟོང་ལྷག་གི་རྒྱབ་སྐྱོར་དང་སློབ་མའི་དཀའ་ངལ་ཐག་གཅོད་པ་བྱས་ ཏེ་མི་རིགས་སློབ་གསོའི་ལས་དོན་ལ་ཁོང་གིས་ཐུགས་ཁུར་ཟབ་མོ་གནང་བཞིན་གཞན་དྲང་མི་འཇོག་པའི་མཛད་འཕྲིན་ཕྱོགས་བཞིར་ཁྱབ།   ཁོང་གིས་མི་རིགས་སློབ་གསོ་ལ་ཐུགས་ཁུར་ཚད་མེད་གནང་བ་ཀུན་གྱི་མཁྱེན་ གསལ་ལྟར་ཡིན་ལ་ལྷག་པར་དུ་༢༠༠༣ནས་༢༠༠༧བར་གྱི་ལོ་འདི་དག་རིང་ནི་ ཁོང་གིས་མི་རིགས་སློབ་གསོ་ལ་གཙུག་ཆེན་དང་རྒྱུད་འཛིན།   དར་སྤེལ་གཏོང་  བཞིན་པའི་སྒང་པ་རེད།   ཏང་གི་སྲིད་ཇུའི་བཟང་བོའི་དཀའ་དྲིན་དང་ཁུལ་དང་རྫོང་རིམ་པའི་པའི་འགོ་ཁྲིད་དང་ས་གནས་མི་དམངས་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ནས་སློབ་གསོ་ལ་ཤུགས་སྣོན་དང་ནང་དགོས་སུ་བོད་ཀྱི་སྲོལ་རྒྱུན་གསོ་རིག་སློབ་གསོ་འདི་མི་ཉམས་གོང་འཕེལ་དུ་གཏོང་བའི་ཡིད་ཆེས་བརྟན་པོས་ཁེངས་ཏེ་སྔོན་ འཛིན་རྟགས་མེད་པའི་སློབ་མ་༤༠༠ལྷག་ལ་གཅེས་སྐྱོང་བྱས་ཤིང་༢༠༠༣ལོར་ནས་བཟུང་སྟེ་དངོས་སུ་སློབ་མ་བསྡུ་མགོ་ཚུགས།   རྗེས་སུ་སློབ་མ་བརྒྱ་ལྷག་ལ་སློབ་ཡོན་དང་ཟ་མའི་འགྲོ་གྲོན།  འདུག་ཁང་སོགས་ཕྱོགས་ཡོངས་ནས་ཁོང་གིས་བཀོད་སྒྲིག་བྱས་པ་རེད།

གསོ་བ་རིག་པ་ནི་འཛམ་གླིང་གི་ཡང་རྩེར་སོན་ཞིང་རིག་པའི་སྙིང་བཅུད་ཅིག་ ཡིན་ལ་འདི་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གནས་བརྟན་པོ་ཞིག་མ་ཚུགས་ན་ཉམས་རྒུད་དུ་འགྲོ་བ་ཐུགས་སུ་དགོངས་ནས་ཀྱག་ཀྱོག་གི་འགྲོ་ལམ་མང་བོ་བརྒྱུད་དེ་རང་གི་མ་དངུལ་དང་གཞན་གྱི་རོགས་རམ།  ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་མ་དངུལ་བསྡོམས་པའི་ཁྲི་༡༧༠ལྷག་གི་འགྲོ་སོང་བཏང་ནས་སྐལ་བཟང་སྲོལ་རྒྱུན་གསོ་རིག་ལས་རིགས་ལག་རྩལ་སློབ་གྲྭ་འདི་གསར་བསྐྲུན་བྱས།    དཔལ་འབྱོར་གྱི་འགྲོ་སོང་ཆེ་ཞིང་སློབ་མའི་འཚོ་བ་ཐད་ཀར་མཁོ་བའི་ཆ་རྐྱེན་མང་བོ་བསྐྲུན་མི་ཐུབ་པའི་བར་སྐབས་འདི་ལའང་སློབ་མའི་སློབ་ཡོན།   འདུག་ཁང་།   སྨན་རིན།   སློབ་ཁང་སོགས་ཁོང་གིས་བཀོད་སྒྲིག་བྱས་ཤིང་སློབ་མའི་འཚོ་བ་ལ་མཐུན་རྐྱེན་གང་མང་བསྐྲུན།   ༢༠༠༦ལོར་སློབ་ཁང་།   ཉལ་ཁང་།   སློབ་མ།   དགེ་རྒན་སོགས་བཀོད་སྒྲིག་བཟང་བོ་བྱས་ཏེ་འཐུས་སྒོ་ཚང་མའི་སློབ་གྲྭ་འདི་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།   ཁོང་གིས་ད་སྐབས་ཀྱང་འགྲོ་བ་ནད་པའི་སྡུག་  བསྔལ་གྱིས་ཚ་གདུང་སེལ་ཞིང་མི་རིགས་སློབ་གསོའི་ལས་དོན་ལ་མཛད་རྗེས་བསྐྲུན་བཞིན་གཡུ་སྒང་རི་བོའི་འདབས་རོལ་ཏུ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་བཞིན་བཞུགས་ལགས།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5584)