སྨན་པ་ཨ་བུ་དཀར་ལོ།

སྨན་པ་ཨ་བུ་དཀར་ལོ།

      སྨན་པ་ཨ་བུ་དཀར་ལོ་ལགས་ནི་སྤྱི་ལོ་༡༩༤༥ལོར་མགོ་ལོག་ཨ་སྐྱོང་དཔོན་མོ་ཚང་གི་འབྲོག་སྡེར་འཁྲུངས།    ལོ་བརྒྱད་ཀྱི་སྟེང་ནས་ཞང་བོའི་དྲུང་དུ་ཀློག་བསླབས།    སྔ་ཕྱིར་གསོ་རིག་མཁས་པ་སུམ་ཅུ་ལྷག་ལ་བསྟེན་ནས་དཔལ་ལྡན་རྒྱུད་བཞི་སོགས་ལ་ཞིབ་པར་སྦྱངས།   དགེ་རྒན་ལྡོང་ཡོན་ཏན་སོགས་ལས་དཀར་ནག་རྩིས་ཀྱི་གཞུང་ལ་སྦྱངས་ཤིང་ཐུན་མོང་རིག་གནས་མང་བོ་ཞིག་ལ་རང་ཤུགས་ཀྱིས་བློ་གྲོས་ཀྱི་འཇུག་པ་རྒྱས་པར་གྱུར།   རྒྱལ་ཁབ་རིམ་པའི་སྨན་རམས་པའི་ཐོབ་ཐང་ཕུལ།   སྔ་ཕྱིར་ཕྱོགས་མང་བོ་ནས་གསོ་རིག་དཔེ་ཁྲིད་གནང་ཞིང་༡༩༩༧ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཏེ་གསོ་རིག་འཛིན་གྲྭ་དང་བོར་དཔེ་ཁྲིད་གནང་།



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5450)