སྨན་པ་གཡང་དར།

སྨན་པ་གཡང་དར།

      སྨན་པ་གཡང་དར་ལགས་ནི་སྤྱི་ལོ་༡༩༥༠ལོར་མགོ་ལོག་པདྨ་རྫོང་གི་རྡོ་ཁོག་ཏུ་སྐྱེས།  སློབ་ཆུང་སོགས་རིམ་པར་བརྒྱུད་དེ་སྤྱི་ལོ་༡༩༧༤ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་ལས་སྦྱོང་འཛིན་གྲྭ་ནས་མཐར་ཕྱིན།   སྔ་གཞུག་ཏུ་ལོ་ཙཱ་བ་དང་བོད་ལུགས་སྨན་པ།   དགེ་རྒན་སོགས་ཀྱི་ཕྱག་ལས་མང་བོ་གནང་།   ༡༩༨༢ལོ་ནས་སྐུ་འབུམ་དུ་སོང་སྟེ་བོད་ཀྱི་གསོ་བ་རིག་པར་ཆེད་སྦྱོང་བྱས།   དེ་བཞིན་དུ་སྒྲ་རྩིས་སོགས་རིག་གནས་ཀུན་ལ་འབད་པ་བྱས།   རྗེས་སུ་མགོ་ལོག་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་གྱི་བྱ་བའི་ཞོར་ནས་སྔ་ཕྱིར་ལོ་དུ་མར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཏེ་གསོ་རིག་དཔེ་ཁྲིད་བྱས།



རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5303)