གྲགས་པ་བཟང་བོ།

གྲགས་པ་བཟང་བོ།

1996---2004ལོའི་བར་སློབ་གྲྭའི་ནང་བྱ་བ་བསྒྲུབས་མྱོང་།

      དགེ་རྒན་གྲགས་པ་བཟང་བོ་ལགས་ནི་སྤྱི་ལོ་༡༩༦༣ལོར་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་གསེར་ཆེན་ནས་འཁྲུངས། ཆུང་དུས་ནས་རང་ཡུལ་གྱི་སློབ་ཆུང་འགྲིམས་ཤིང་ལོ་བཅོ་ལྔའི་སྟེང་དམངས་སྒྲུབ་དགེ་རྒན་དུ་བདམས་པས་ལོ་གསུམ་ལ་དགེ་རྒན་གྱི་འགན་བཞེས།

༡༩༨༠ལོར་འབའ་རྫོང་མི་རིགས་སློབ་འབྲིང་དུ་ཞུགས་ཏེ་ལོ་གསུམ་ལ་སློབ་སྦྱོང་བྱས་རྗེས་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་རྒྱུགས་འཕྲོད། དེར་ལོ་ཕྱེད་ཙམ་བསྡད་རྗེས་རབ་ཏུ་བྱུང་སྟེ་རྭ་རྒྱ་དགོན་གྱི་ཆོས་སྒོར་ཞུགས། དེར་ལོ་བརྒྱད་ཙམ་ལ་སློབ་གཉེར་གནང་ཞིང་རང་ལོ་ཉེར་བརྒྱད་སྟེང་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་མི་ལོ་བཞི་ཙམ་ལ་སློབ་གཉེར་གནང་།

      སྤྱི་ལོ་༡༩༩༦ལོ་ནས་༢༠༠༤ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཏེ་ཚད་མའི་ཕྱོགས་ཀྱི་དཔེ་ཁྲིད་གནང་


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5120)