དགེ་རྒན་ཀེ་ཐོ་སྐྱབས།


2002---2011ལོའི་བར་སློབ་གྲྭའི་ནང་བྱ་བ་བསྒྲུབས་མྱོང་།

       དགེ་རྒན་ཀེ་ཐོ་སྐྱབས་ནི་མགོ་ལོག་རྨ་ཆེན་གངས་རིའི་འདབས་ནས་སྐྱེས་ཤིང་།   སྤྱི་ལོ་༡༩༨༧ལོར་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་ནས་ཕུལ་བྱུང་སློབ་མར་བདམས་ཏེ་ཟི་ལིང་དུ་དབྱིན་ཡིག་ཆེད་སྦྱོང་བྱེད་པར་མངགས།   ཕྱི་གླིང་བ་མང་བོར་དབྱིན་སྐད་ཀྱི་ལམ་ནས་བོད་ཀྱི་རིག་གནས་མཚམས་སྦྱོར་བྱས་པས་དགའ་བསུ་ཐོབ།   ༢༠༠༧ལོར་དབྱིན་ཇུ་རུ་སློབ་སྦྱོང་ལ་སོང་།    ༢༠༠༢ལོ་ནས་༢༠༡༡ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་དབྱིན་ཡིག་དགེ་རྒན་དང་།   འཛིན་བདག    སློབ་སྲིད་ཁང་གི་འགོ་བ་བཅས་ཀྱི་འགན་ཁུར་མྱོང་།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (6209)