དགེ་རྒན་འཕྲིན་ལས་རྒྱ་མཚོ།


དགེ་རྒན་འཕྲིན་ལས་རྒྱ་མཚོ།

རྟེན།   གྲྭ་བ། 

ས་གནས།   མཚོ་བྱང་ཁུལ་རྐང་ཚ་རྫོང་།

དགོན་པ།   རྐང་ཚའི་རུ་མང་དགོན།

༢༠༠༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།

༢༠༠༤ལོར་སློབ་མཐར་ཕྱིན།

༢༠༠༥ནས་༢༠༠༨བར་རུ་མང་དགོན་པའི་དོ་དམ་ཁང་སོགས་ཀྱི་ལས་སྣེ་ཁུར།

༢༠༠༨ལོར་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་།

མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི།

མཚོ་སྔོན་མི་རིགས་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ཚོགས་མི།

༼ལྔ་རིག་གི་ལང་ཚོ་༽ཞེས་པའི་ལོ་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ།

ད་ལྟ་སློབ་གླིང་འདིར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།

       སྔ་གཞུག་ཏུ་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽དང་།  ༼གངས་རྒྱན་མེ་ཏོག༽   ༼བདག་པོ།༽  ༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།༽    ༼རྔ་བའི་གསར་འགྱུར།༽   ༼གཞིས་རྩེ་ཚགས་པར།༽  ༼ཀན་ལྷོ་གསར་འགྱུར།༽  ༼ལྷ་སའི་དགོང་དྲོའི་ཚགས་པར།༽  ༼མཚོ་སྔོན་ཁྲིམས་ལུགས་ཚགས་པར།༽  ༼གུར་ཀུམ་ཆུན་པོ་༽སོགས་ཞིང་ཆེན་ཕྱི་ནང་གི་སྤྱི་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་བརྒྱ་ཡས་མས་བཀོད།

      ༢༠༠༤ལོར་ཞིང་ཆེན་རིམ་པའི་རྩོམ་ཡིག་འགྲན་བསྡུར་༼སོ་སྲུང་བའི་འགྱུར་ཁུགས།༽ཁྲོད་རྟིང་སྐུལ་བྱ་དགའ་ཐོབ་མྱོང་།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (13411)