དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ།


      དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོའམ་གཟི་མིག་གསུམ་པ་ནི།    ལོ་རབས་བརྒྱད་ཅུ་བར་མདོ་སྨད་བན་ཤུལ་དུ་སྐྱེས།   ཆུང་དུས་མང་རའི་ཐར་ཤུལ་དགོན་དུ་༧ལ་མོའི་ཡོངས་འཛིན་རིན་པོ་ཆེ་དང་།  བླ་བྲང་གི་རྗེ་དགེ་འདུན་རྒྱ་མཚོ་ཚང་། རྗེ་བློ་བཟང་རྒྱ་མཚོ་ཚང་།  རྗེ་དཔལ་ལྡན་རྒྱ་མཚོ་ཚང་།  རྭ་རྒྱའི་སློབ་གླིང་གི་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་ཚང་།  ལྡོང་ཡོན་ཏན་རྒྱ་མཚོ་ཚང་།   ཤེས་རབ་བསྟན་དར་ཚང་།   གཅེན་པོ་དམ་པ་བླ་ནག་པ་ཡེ་ཤེས་བཟང་བོ་སོགས་ཀྱི་མདུན་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་སློབ་སྦྱོང་བྱས།   ༢༠༠༣ལོར་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་མཚོ་ལྷོའི་སྒེར་བཙུགས་སློབ་གྲྭ་ཤེས་རིག་དར་སྤེལ་སློབ་གླིང་གི་དགེ་རྒན་བྱས།    ༢༠༡༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གདན་ཞུས་དགེ་རྒན་དུ་ཡོང་ནས་ད་ལྟའི་བར་འཛིན་བདག་དགེ་རྒན་དང་།   བོད་ཡིག་ཆེད་སྦྱོང་གི་དཔེ་ཁྲིད་དགེ་རྒན།    སློབ་དེབ་རྩོམ་སྒྲིག་པ་བཅས་ཀྱི་འགན་ཁུར་བས་ལོ་དུ་མར་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མྱོང་།   དེང་སྐབས་མཚོ་སྔོན་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལས་ཞོར་རྩོམ་པ་བོ་བཅས་ཡིན།  བརྩམས་ཆོས་ཀྱི་སྐོར་ལ་《བདེན་པའི་ལེའུ།》  《རོལ་དབྱངས་ཀྱི་ལེའུ།》  《སྟོང་བའི་ལེའུ།》    《མནོ་བསམ་ཕྱོགས་བསྒྲིགས།》《མི་ཆུང་ཆུང་གི་གཏམ།》 《དབུ་མའི་སློབ་གསོ་དང་རིག་གཞུང་བསམ་བློ།》སོགས་སྒྱུ་རྩལ་རྩོམ་རིག་དང་རིག་གཞུང་རྩོམ་རིག་སྐོར་གྱི་བརྩམས་ཆོས་དེབ་བདུན་པར་སྐྲུན་བྱས་ཟིན་ལ།   དེ་མིན་ད་དུང་པར་སྐྲུན་བྱ་རྒྱུར་ལུས་པའི་དེབ་འགའ་ཤས་བཅས་ཡོད་ལ།   རྩོམ་ཡིག་ཁ་ཤས་ལ་གཞུང་སྒེར་གྱི་བྱ་དགའ་འགའ་རེའང་ཐོབ་མྱོང་བ་བཅས་སོ།།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (11904)