སློབ་གླིང་སྒོ་སྟེན་ཚོང་དཔོན་བཀྲ་ཤིས་རྒྱ་མཚོ།


       སྒོམ་ཐར་བཀྲ་ཤིས་རྒྱ་མཚོ་ནི་སྤྱི་ལོ་༡༩༦༣ལོར་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཞང་བྲག་དམར་ཞོལ་མ་སྡེ་བ་ནས་སྐྱེས།  ༡༩༨༢ལོར་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་ཞུགས་ཤིང་།  ༡༩༩༤-ལོ་ནས་༡༩༩༩བར་མི་ལོ་ལྔའི་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསླབ་བྱ་ཡོངས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན།    སློབ་སྦྱོང་གི་ཞོར་དུ་སྤྱི་གཉེར་ཁང་དང་། བདེ་སྲུང་བ།   སློབ་བུ་ཚོགས་པའི་ཚོགས་གཙོ་སོགས་ཀྱི་འགན་ཁུར་ཞིང་སློབ་གླིང་གི་སྒྲིག་ལམ་དོ་དམ་ཐད་ལ་ནུས་པ་བླ་མེད་བཏོན་མྱོང་།   ༡༩༩༩ལོར་སློབ་མཐར་ཕྱིན་རྗེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་པའི་གསོལ་ཐབ་པར་གདན་ཞུ་བྱས་པ་བཞིན་མི་ལོ་ལྔའི་ཡུན་ལ་འབད་འབུངས་བླ་མེད་གནང་།  ༢༠༠༡ལོར་སློབ་གྲྭ་རང་གི་ཕུལ་བྱུང་ལས་བཟོ་བའི་མཚན་སྙན་བྱ་དགའ་ཐོབ་པ་དང་།

༢༠༠༤ལོ་དང་༢༠༠༦ལོ་སོགས་ལ་བསྟུད་མར་ཕུལ་བྱུང་ལས་བཟོ་བའི་མཚན་སྙན་ཐོབ་པར་མ་ཟད།  ༢༠༠༣ནས་བཟུང་ད་བར་དུ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱི་བའི་ཇ་དཔོན་ཆེན་མོའི་འགན་ཁུར་ཏེ་ལྷག་བསམ་ཟོལ་མེད་ཀྱིས་རང་ནུས་ཡོད་ཚད་བཏོན་པར་མ་ཟད།

༢༠༡༤ལོ་ནས་ལས་ཞོར་དུ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྒོ་སྟེན་ཚོང་ཁང་སོགས་ཀྱི་ཚོང་དོན་འགོ་བའི་འགན་ཡང་ཁུར་ཏེ་བྱས་རྗེས་རླབས་ཆེན་བཞག་དང་འཇོག་མུས་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (16712)