དགེ་རྒན་པདྨ་དོན་གྲུབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དོན་ཁང་གི་གཙོ་བདག་དགེ་རྒན་པདྨ་དོན་གྲུབ་ནི།

      ༡༩༩༤ལོ་ནས་༡༩༩༩ལོ་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསླབ་བྱ་ཡོངས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན།   ཐེངས་འགར་གསུམ་བཟང་སློབ་མའི་མཚན་སྙན་ཐོབ་པར་མ་ཟད།   སློབ་སྦྱོང་གི་ཞོར་དུ་སློབ་བུ་ཚོགས་པའི་ཚོགས་མི་དང་སློབ་དོན་ཁང་གི་བྱ་བ་བསྒྲུབས།   ད་དུང་རྩིས་རིག་དགེ་རྒན་གྱི་འགན་ཡང་ཁུར།   ༡༩༩༩ལོར་སློབ་མཐར་ཕྱིན་རྗེས་རྭ་རྒྱ་སློབ་ཆུང་གཉིས་པ་སྟེ་ཇ་སག་སྡེ་བའི་སློབ་ཆུང་དུ་གདན་ཞུ་བྱས་ཏེ་བོད་རྒྱ་རྩིས་གསུམ་གྱི་དཔེ་ཁྲིད་བྱས།   ༢༠༠༡ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རྒྱུགས་འཕྲོད་དེ་༢༠༠༤ལོའི་བར་སློབ་གཉེར་ལ་ཧུར་བརྩོན་བྱས་ཏེ་གསུམ་བཟང་སློབ་མའི་མཚན་སྙན་དང་བཅས་སློབ་མཐར་ཕྱིན།   ༢༠༠༤ལོར་གངས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་གདན་ཞུ་བྱས་ཏེ་བོད་ཡིག་དང་རྩིས་རིག་སོགས་ཀྱི་སློབ་ཁྲིད་བྱས།   ༢༠༠༦ལོར་ཕུལ་བྱུང་དགེ་རྒན་དང་འཇིགས་མེད་ཀུན་སྤྱོད་བྱ་དགའ་དང་།   ༢༠༠༨ལོར་ཕུལ་བྱུང་འཛིན་བདག་དགེ་རྒན།   ༢༠༡༣ལོར་ཕུལ་བྱུང་དགེ་རྒན་སོགས་ཀྱི་བྱ་དགའ་རིམ་པར་ཐོབ།   ༢༠༠༥ལོ་ནས་༢༠༠༧ལོའི་བར་སློབ་སྲིད་ཁང་གི་ལས་འགན་ཁུར་བ་དང་།  ༢༠༠༧ལོ་ནས་བཟུང་སློབ་དོན་ཁང་གི་གཙོ་བདག་གི་འགན་འཁུར་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (12399)