འཇམ་དབྱངས་དཔལ་བཟང་།

འཇམ་དབྱངས་དཔལ་བཟང་།

      དགེ་རྒན་འཇམ་དབྱངས་དཔལ་བཟང་ནི་སྤྱི་ལོ༡༩༦༧ལོར་འབའ་རྫོང་ཤ་སྦྲང་དུ་སྐྱེས།    རང་ལོ་༡༠ཡི་སྟེང་སློབ་ཆུང་འགྲིམས་ཤིང་།   རང་ལོ་༡༨པ་ལ་རབ་ཏུ་བྱུང་སྟེ་བདེ་ཆེན་དགོན་གྱི་ཆོས་སྒོར་ཞུགས།   ལོ་༢༥བ་ལ་རྭ་རྒྱ་དགོན་པར་སློབ་གཉེར་དུ་བྱོན་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་འོད་ཟེར་བཟང་བོ་སོགས་ཚུལ་བཞིན་བསྟེན་ནས་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་སློབ་གཉེར་གནང་།     ༢༠༠༧ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་ཕེབས་ཏེ་ཚད་མ་སོགས་ཀྱི་དཔེ་ཁྲིད་དང་།   གཞན་ཡང་འཛིན་བདག་དགེ་རྒན།   སློབ་སྲིད་ཁང་གི་སྒྲིག་འཛིན་པ་སོགས་ཀྱི་ལས་འགན་གཉེར།   ལྷག་པར་དུ་༢༠༡༡ལོ་ནས་སློབ་གྲྭའི་དོན་དུ་ཕྱོགས་ཡས་མས་སུ་སོང་ནས་དཔལ་འབྱོར་འཚོལ་བསྡུ་སོགས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-26 ལྟ་ཀློག (5317)