སློབ་གཙོ་གཞོན་པ་ཟུར་པ་བློ་བཟང་བདེ་ལེགས་ངོ་སྤྲོད་མདོར་བསྡུས།

 

      བློ་བཟང་བདེ་ལེགས་ནི་སྤྱི་ལོ་༡༩༦༤.༦.༨ལོར་སྐྱེས་ཤིང་།   ༡༩༩༤-༡༩༩༩བར་མི་ལོ་ལྔའི་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསླབ་བྱ་ཡོངས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན།  ཐེངས་འགར་གསུམ་བཟང་སློབ་མའི་མཚན་སྙན་ཐོབ་པར་མ་ཟད།     སློབ་སྦྱོང་གི་ཞོར་དུ་དངོས་གཞི་འཛིན་གྲྭའི་སྐད་ཡིག་དགེ་རྒན་དང་སློབ་གླིང་གི་རྩིས་གཉེར་བ།    སྤྱི་གཉེར་ཁང་དང་སློབ་སྟོན་ཁང་སོགས་ཀྱི་བྱ་བ་ཆེ་ཆུང་ཀུན་ལ་འབད་པ་བརྒྱ་ཕྲག་བྱས་མྱོང་།  

      ༡༩༩༩ལོར་སློབ་མཐར་ཕྱིན་རྗེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལས་བཟོ་བར་གདན་ཞུ་བྱས་པ་ནས་མི་ལོ་བཅུ་ཕྲག་ལྷག་གི་རིང་སློབ་གླིང་གི་སྤྱི་རྫས་ དང་།    འཛུགས་བསྐྲུན་སྣ་ཚོགས།    སྤྱི་བའི་བྱ་བ་མཐའ་དག་ལ་འབད་བརྩོན་ལྷོད་མེད་བྱས།   ༡༩༩༩དང་༢༠༠༤ལོར་སྔ་རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཕུལ་ བྱུང་ལས་བཟོ་བར་བདམས་པ་དང་། 

       ༢༠༠༤ལོར་རྨ་ཆེན་རྫོང་གིས་ལྷག་བསམ་ཕུལ་བྱུང་བྱ་དགའ་གནང་།   ༢༠༠༩ལོར་ཕུལ་བྱུང་ལས་བཟོ་བའི་བྱ་དགའ་ཐོབ་པར་མ་ཟད།   ༢༠༡༠དང༢༠༡༢ལོར་ཐེངས་གཉིས་ལ་འཇིགས་མེད་ཀུན་སྤྱོད་བྱ་དགའ་ཐོབ།    སྔ་གཞུག་ཏུ་གཞུང་ལས་ཁང་གི་གཙོ་བདག་དང་སྤྱི་གཉེར་ཁང་གི་གཙོ་བདག་གི་འགན་འཁུར་ཞིང་།    ད་ལྟ་སློབ་སྲིད་ཁང་གི་གཙོ་བདག་སོགས་ཀྱི་འགན་བཞེས།

      ༢༠༡༥ལོ་ནས་ཤེས་རིག་སློབ་གླིང་གི་སློབ་སྲིད་སློབ་གཙོ་གཞོན་པའི་འགན་འཁུར་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-25 ལྟ་ཀློག (13193)