སྤྱི་གཉེར་མཁོ་སྒྲུབ་ཚན་ཆུང་།

སྤྱི་གཉེར་མཁོ་སྒྲུབ་ཚན་ཆུང་ངོ་སྤྲོད་མདོར་བསྡུས།

     སློབ་གླིང་གི་སྒྲིག་གཞི་ནང་ལྟར་སློབ་མའི་ནང་ཁུལ་དུ་སློབ་ཚོགས་དང་ཚན་ཆུང་མི་ཉུང་བ་རེ་ཡོད་ལ།   དེ་དག་རེ་རེ་ལའང་ལས་བགོས་འོས་འགན་མི་འདྲ་བ་རེ་རེ་ཡོད་པ་ལྟར།   སྤྱི་གཉེར་མཁོ་སྒྲུབ་ཚན་ཆུང་ནི་སློབ་གླིང་སྤྱི་གཉེར་ཁང་གི་བཀོད་འདོམ་འོག་གཙོ་བོ་སློབ་གླིང་གི་སྤྱི་རྫས་བདག་གཉེར་གྱི་ཕྱོགས་ལ་འགན་ཁུར་བཞིན་ཡོད།   དེ་ཡང་སློབ་གླིང་སྤྱི་དང་།   བྱེ་བྲག་སློབ་ཁང་དང་མལ་ཁང་།    ཟ་ཁང་སོགས་ཀྱི་གཙང་སྦྲ་དང་།    མདུན་ཅོག་དང་རྐུབ་སྟེགས་སོགས་སློབ་སྦྱོང་དང་འཚོ་བའི་ཡོ་བྱད་སྐོར་དོ་དམ་དང་སློབ་སྤྱིའི་དགོས་མཁོ་དུས་ལྟར་སྐོང་བ་གཙིགས་ཆེར་བཟུང་ཐོག    སློབ་གླིང་ཕྱི་ནང་བར་གསུམ་དུ་གློག་འཐེན་པ་དང་།    གློག་ཆས་དོ་དམ།   དེ་མིན་སློབ་མ་མི་སྒེར་གྱི་གཙང་སྦྲ་དང་།    དགེ་སློབ་འཚོ་བའི་འཕྲོད་བསྟེན་སོགས་ལ་གཟའ་འཁོར་རེ་རེ་བཞིན་ཟ་ཁང་ལ་ཞིབ་བཤེར་དང་།    ཡང་ན་འཛིན་གྲྭ་དང་ཟ་ཁང་།    མལ་ཁང་།    མི་སྒེར་གྱི་གཙང་སྦྲ་བཟང་ངན་སོགས་ལ་སྐར་གྲངས་སྟེར་རྗེས་གཟའ་མཇུག་སྤྱི་སྡོམ་ཐོག་དགེ་སློབ་ཡོངས་ཀྱི་མདུན་སར་སློབ་ཁང་གཙང་དར་དང་།    མི་སྒེར་གཙང་དར།   མལ་ཁང་གཙང་དར་གསུམ་གྱི་གཟེངས་བསྟོད་མཚན་སྙན་འབུལ་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (12637)