སློབ་གླིང་སྤྱི་གཉེར་ཁང་།

སློབ་གླིང་སྤྱི་གཉེར་ཁང་ངོ་སྤྲོད། 

        སྤྱི་གཉེར་ཁང་གི་ལས་འགན་གཙོ་བོ་ནི་སློབ་གྲྭའི་དགེ་སློབ་ཡོངས་དང་ལས་བཟོ་བ་ཡོངས་ཀྱི་འཚོ་བ་དང་སྡོད་གནས་བཀོད་སྒྲིག་དང་དོ་དམ་བྱེད་པ།  ཁོར་ཡུག་ཕྱི་ནང་ཡོངས་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ།  སློབ་གྲྭའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་འཆར་འགོད་དང་ལག་ལེན་བྱས་ནས་སློབ་གྲྭའི་སློབ་གསོ་དང་འཚོ་བའི་ཐད་ཀྱི་དགོས་མཁོ་གང་ཡོད་དུས་ལྟར་སྐོང་བ།   སློབ་གྲྭའི་སྤྱི་སྤྱོད་རྒྱུ་ནོར་དང་གཞུང་ལས་ཁང་གི་སྤྱི་སྤྱོད་རྒྱུ་ནོར་སོགས་ལ་དོ་དམ་བྱེད་པ།  སློབ་ཁྲིད་ལ་ངེས་པར་དུ་དགོས་པའི་མཁོ་ཆས་འགན་ལེན་དང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པར་འབད་བརྩོན་བྱེད་པ།  མཛོད་བཞག་དངོས་རྫས་བཅོལ་བའི་བྱ་བ་ལེགས་འགྲུབ་དང་ལོ་རེར་མཛོད་བཞག་རྣམས་གྲངས་རྩིས་བཤེར་ཞིབ་བརྩི།   སློབ་གྲྭའི་ཕྱི་ནང་དངོས་རྫས་གང་ཡོད་ལ་རྩིས་ཐོ་འགོད་པ།   སློབ་གྲྭའི་རྩིས་གཉེར་བ་དང་དངུལ་འཛིན་པ།   དཔེ་གཉེར་བ།   ཇ་མ།  ཞབས་འདེགས་པ།  སློབ་སྒྲུབ་ཚན་ཆུང་སོགས་ལ་གཟབ་ནན་གྱིས་དོ་དམ་བྱེད་པ་སོགས་དཔལ་འབྱོར་ཡར་རྒྱས་དང་འཚོ་བ་ཇེ་ལེགས་སུ་གཏོང་བ་ལ་གཅིག་ཏུ་བརྩོན་པར་བྱ་རྒྱུའོ།'


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (6112)