ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་རྣམས་ངོ་སྤྲོད༼༢༠༡༤-༢༠༢༡༽།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ངོ་སྤྲོད་མདོར་བསྡུས།

ཚོགས་པ་དབུ་བརྙེས་ཚུལ།

       ཐོན་མིའི་སློབ་གསོའི་སློབ་གྲོགས་མཐུན་འབྲེལ་ཚོགས་པའམ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐུན་མོང་གིས་གྲུབ་པའི་སློབ་གྲོགས་ཚོགས་པ་ཞིག་ཡིན་ལ།   སྤྱི་ལོ་༢༠༡༤ལོའི་ཟླ་༧པའི་ཚེས་༡༣ཉིན་སློབ་གླིང་རང་གི་འཁྲུངས་སྟོན་སྐབས་ཉི་ཤུ་བའི་དགེ་སློབ་ལྷན་འཛོམས་ཀྱི་གླགས་དང་བསྟུན་ནས་སློབ་གླིང་འདིའི་བྱེད་པོ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་དབུ་ཁྲིད་པར་བརྟེན།  དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་དང།   ལྷ་རམས་པ་བསྟན་འཛིན་ཡོན་ཏན།   ལྷ་རམས་པ་བློ་བཟང་ཡར་རྒྱས།  དགེ་བཤེས་དཔྱི་ས་ཡོན་ཏན།   མཁས་པའི་དབང་བོ་བཙན་ལྷ་ངག་དབང་ཚུལ་ཁྲིམས།  ས་ཡུལ་ཁྲོ་བོ་རྒྱལ་མཚན།  སྡེ་རོང་ཚེ་རིང་དོན་གྲུབ།   དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་ལྕགས་ཐར་རྒྱལ།   ཁ་སྒང་བཀྲ་ཤིས་ཚེ་རིང་།  ཚེ་རིང་དོན་གྲུབ།  སྒོམ་པ་བཀྲ་ཤིས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མཁས་དབང་བརྒྱད་ཅུ་ལྷག་དང་།   རང་རེའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་།   ལྡོང་ཡོན་ཏན་རྒྱ་མཚོ་མཆོག   དགེ་རྒན་ཆེན་མོ་ཤེས་རབ་བསྟན་དར་སོགས་ཚོགས་ཞུགས་ཀྱིས་ཐོན་མིའི་སློབ་གསོའི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསྡུས་ཤིང་།   ཚོགས་ཐོག་ཏུ་མཁས་པ་རྣམས་ཚན་ཁག་སོ་སོར་བགོས་ཏེ་ཐོན་མིའི་སློབ་གསོའི་ཁ་ཕྱོགས་དང་།  ཐོན་མིའི་སློབ་གསོའི་དམིགས་ཚད།   ཐོན་མིའི་སློབ་གསོའི་ནང་དོན།   ཐོན་མིའི་སློབ་གསོའི་ཐབས་ལམ།  ཐོན་མིའི་སློབ་གསོའི་ནུས་པ།ཐོན་མིའི་སློབ་གསོའི་དགེ་རྒན་གྱི་ཚད་གཞི།   ཐོན་མིའི་སློབ་གསོའི་སློབ་མའི་ཚད་གཞི།   ཐོན་མིའི་སློབ་གསོའི་མཚོན་རྟགས་སོགས་ལ་མཁས་པ་མང་བོས་རང་རང་གི་རྣམ་དཔྱོད་ཟུར་མི་འདྲ་བ་རེ་རེ་རྩལ་དུ་བཏོན་ཏེ་ཕྱོགས་ཡོངས་ནས་དཔྱད་བསྡུར་དང་གཅིག་གྱུར་གནང་བར་མ་ཟད།   མཁས་དབང་དག་གི་མཛུབ་སྟོན་དང་དམ་པ་ཁོང་གི་ཐུགས་བསྐྱེད་ལྟར་མཐར་ཕྱིན་སློབ་མ་གཙོས་པའི་དགེ་སློབ་སྟོང་ཕྲག་ལྷག་མཉམ་འཛོམས་ཀྱིས་རང་རེའི་སློབ་གྲྭའི་འབྱུང་འགྱུར་གྱི་སློབ་གསོའི་ལས་དོན་ལ་གྲོས་ཀ་རབས་དང་རིམ་པ་གནང་བ་བརྒྱུད་ནས་མཐར་རང་རེའི་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་རྣམས་མཉམ་རུབ་ཀྱིས་ཐོན་མིའི་སློབ་ཚོགས་ཞེས་པ་ཞིག་གསར་འཛུགས་གནང་བར་དགེ་སློབ་ཡོངས་གྲོས་ཀ་གཅིག་མཐུན་བྱུང་བར་མ་ཟད།   མཐར་ཕྱིན་སློབ་མ་ཆིག་སྟོང་ལྷག་གི་ཁྲོད་འཐུས་ཚབ་མི་སྣ་བཅུ་དགུ་བསྐོ་བཞག་བྱས་པ་དང་།   དེ་ཡང་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་དབུ་བཞུགས་ཀྱིས་གནའ་མཁར་ཟི་ལིང་དུ་ཡང་བསྐྱར་འཐུས་ཚབ་མི་སྣ་དང་ལས་བཟོ་བ་ཡོངས་མཉམ་འདུས་ཀྱི་ཚོགས་འདུ་ཞིག་ཆེད་དུ་བསྡུས་ཤིང་།   ཚོགས་ཐོག་ཏུ་དགེ་རྒན་རིན་པོ་ཆེས་ཚོགས་པའི་ཐད་ལ་གནང་བའི་དགོངས་འཆར་གཙོས་འཐུས་མི་དང་ལས་བཟོ་བ་སོ་སོ་ནས་རང་རང་གི་ལྟ་ཚུལ་དང་དྲན་ཕྱོགས་ལྷུག་བརྗོད་གནང་བར་མ་ཟད།   སྐབས་དེའི་ཚོགས་འདུའི་སྟེང་ཐོན་མིའི་སློབ་ཚོགས་ཀྱི་དམིགས་ཡུལ་དང་ལས་ཀ་གཙོ་བོ་གཏན་འཁེལ་གྱིས་ཚོགས་པ་འདིར་སྣེ་འཁྲིད་མཁན་གྱི་རྒྱུན་ལས་ལས་འཛིན་པ་ལྔ་མང་གཙོའི་སྒོ་ནས་བདམས་ཐོན་བྱུང་བ་བཅས་ཐོན་མིའི་སློབ་ཚོགས་དངོས་སུ་དབུ་བརྙེས་སོ།།

ཚོགས་པའི་དམིགས་ཡུལ།

       ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་ནི་འཛམ་གླིང་གི་ཁ་ཕྱོགས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་སློབ་གླིང་རང་གི་དྲྭ་ཚིགས་དོ་དམ་དང་དཔལ་འབྱོར་འཚོལ་སྒྲུབ་སོགས་ཀྱིས་མཚོན་པའི་སློབ་གླིང་སྤྱིའི་བྱ་བར་རམ་འདེགས་བྱ་རྒྱུ་དེ་ཡིན།

ཚོགས་པའི་གྲུབ་སྟངས།

      ཚོགས་པ་འདི་ནི་ཧྭ་ཧྥོ་སློབ་ཆེན་སོགས་རྒྱལ་ཕྱི་ནང་གི་སྔོན་ཐོན་སློབ་གྲྭ་དག་གི་མཐར་ཕྱིན་སློབ་མས་རང་གི་མ་ཡུམ་སློབ་གྲྭ་ལ་སྲི་ཞུ་སྒྲུབ་པའི་སྔོན་ཐོན་ གྱི་སློབ་གསོའི་ཐབས་ཤེས་བེད་སྤྱད་ནས་སློབ་གླིང་རང་གི་དགེ་རྒན་རྣམ་པ་དབུར་བཞུགས་ཏེ་མཐར་ཕྱིན་སློབ་མ་རྣམས་མཉམ་རུབ་ཀྱིས་མ་ཡུམ་སློབ་གྲྭ་ལ་སྲི་ཞུ་སྒྲུབ་པའི་སློབ་ཚོགས་ཤིག་ཡིན་ལ།    ལོ་རེའི་མཐར་ཕྱིན་འཛིན་གྲྭ་རེ་ནས་འཐུས་ཚབ་སློབ་མ་གཅིག་རེ་རྒྱུན་ལས་སུ་བདམས་ཡོད་ཅིང་།   དེ་དག་ལས་མི་ལྔ་བསལ་ཏེ་རྒྱུན་ལས་ལས་འཛིན་དུ་བསྐོས་ཡོད།   མདོར་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐམས་ཅད་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན་ལ།   ད་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཡོད་དོ་ཅོག་གིས་ དཔུང་བ་མཉམ་གཤིབ་དང་ནུས་པ་གཅིག་བསྡུས་ཀྱི་སྒོ་ནས་རང་གི་མ་ཡུམ་སློབ་གྲྭ་ལ་སྲི་ཞུ་བསྒྲུབ་རྒྱུ་དེ་ཡིན་ནོ།།

མ་དངུལ་བསྡུ་སྟངས།

      མ་ཡུམ་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་ཡོད་ཚད་ཀྱིས་ཉིན་རེར་སྒོར་གཅིག་རེ་ཞལ་འདེབས་སུ་ཕུལ་བ་གཞིར་བཞག་ཐོག་ཁེ་ལས་སྣ་ཚོགས་གཉེར་རྒྱུ་དང་།   གཞན་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་དང་མི་སྒེར་གྱི་དགེ་ལས་པ་རྣམས་ལ་ཐབས་ལམ་ཚད་ལྡན་དང་ཡང་དག་པའི་སྒོ་ནས་ཞལ་འདེབས་བསླང་རྒྱུ་དང་།   དེ་ཡང་ཞལ་འདེབས་འབུལ་མཁན་རྣམས་ཀྱི་མཚན་ཐོ་དང་དངུལ་གྲངས་སོགས་སློབ་གྲྭའི་དྲྭ་ཚིགས་སུ་གསལ་བོར་དགོད་རྒྱུ་བཅས་སོ། །

༢༠༡༤ ༩ ༢༢ཉིན་ཐོན་མིའི་སློབ་ཚོགས་ཀྱིས།



དངོས་མིང་། འོད་ཟེར་བཟང་བོ། པིར་མིང་།  མགར་རྩེ་ཉི་ཟེར།

ཕ་ཡུལ། མཚོ་ལྷོ་ཁུལ་འབའ་རྫོང་།

ཡོན་ཚད། དངོས་གཞི།

ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་གཞོན་པ། གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ།

འབྲེལ་གཏུག་ཁ་པར།  18197123666


དངོས་མིང་། ཁཱ་ཤེས་རབ་རྒྱ་མཚོ།

པིར་མིང་། སྐུད་པ།

ཕ་ཡུལ།  སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་།

ལས་གནས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ།   མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྐང་བདག  གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། བཙན་པོའི་མགར་གྱི་དྲ་བའི་དྲ་བདག  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་དོ་དམ་པ་དང་གཙོ་སྐྱོང་བ།  མཚོ་སྔོན་ཞིང་ཆེན་དགེ་ལས་ལྷན་ཚོགས་ཐོན་མི་སམ་བྷོ་ཊའི་རོགས་སྐྱོར་ཐེབས་རྩའི་གཞུང་ལས་ཁང་གི་ཀྲོའུ་རིན་གཙོ་གཞོན་པ།
༢༠༡༩/༤/༢༦རྔ་ཡུལ་ཁཱ་ཤཱི་དགོན་ནང་བསྟན་དཔེ་ཚོགས་གཟིགས་འབུལ་ཁང་གི་གཙོ་འགན་པ་དང་དགོན་པའི་དོ་དམ་གཙོ་བདག  རྫོང་དང་ཁུལ་སོགས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། རྔ་བ་རྫོང་གི་སྲིད་གྲོས་ཨུ་ཡོན།  རྭ་རྒྱའི་བཀའ་འགྱུར་ལས་སྒྲུབ་ཁང་གི་གཙོ་འགན་པ།

འབྲེལ་གཏུག་ཁ་པར། 15283703999


དངོས་མིང་། སྦྲ་ནག་པ་འཇིགས་མེད་རྡོ་རྗེ།

པིར་མིང་།  སྨན་དམིགས་བུ།

སྐྱེས་ལོ། སྤྱི་ལོ1978ལོར་སྐྱེས།  1995ལོར་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་སྤྱི་ལོ2000ལོར་སློབ་མཐར་ཕྱིན།

སྤྱི་ལོ2000ལོའི་སྟོན་ཀར་མཚོ་ལྷོ་གསོ་རིག་སློབ་གྲྭར་ཞུགས་ཤིང་སྤྱི་ལོ2003ལོར་སློབ་མཐར་ཕྱིན།

སྤྱི་ལོ2005ལོར་མཚོ་སྔོན་གསོ་རིག་སློབ་གྲྭ་ཆེན་མོར་ཞུགས་ནས2008ལོར་སློབ་མཐར་ཕྱིན།
སྤྱི་ལོ་2018ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་རྒྱུན་ལས་ཚོགས་ཆེན་ཐོག་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་།

དངོས་མིང་། མགོན་པོ་རྡོ་རྗེ། པིར་མིང་། ཨ་བུ་འབྲོང་།

ཡོན་ཚད། མཐོ་འབྲིང་མཐར་ཕྱིན།

ལས་གནས། སྤྱི་ལོ་༢༠༡༤ནས་༢༠༡༨བར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྐང་བདག  གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པའི་འགན་ཁུར།

ད་ལྟ་ཁྱུང་མཆུ་ན་དགེ་རྒན་གྱི་འགན་ཁུར་ནས་ཡོད།

སྡོད་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ། 

འབྲེལ་གནས། 13548386840

ངོས་མིང་།  བློ་བཟང་ཆོས་འཕེལ།   པིར་མིང་།  འབའ་སྣང་གྲོལ། 

ཡོན་ཚད། སློབ་ཆེན། 

ལས་གནས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྐང་བདག  གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ། ནག་བཟའ་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ཚོགས་གཙོ། 

སློབ་སྦྱོང་བྱ་ཡུལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། བླ་བྲང་། ལྷ་ས། ནུབ་བྱང་མི་རིགས་སློབ་ཆེན་སོགས། 

སྡོད་གནས། མཚོ་ལྷོ་འབའ་རྫོང་། 

འབྲེལ་གཏུགས་ཁ་པར།  18946885460  826927487


དངོས་མིང་།  བན་ཤུལ་འཇམ་དབྱངས། པིར་མིང་།  བན་ཤུལ་བསེ་རུ།

ཡོན་ཚད།  ༢༠༠༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མཐར་ཕྱིན།  ༣༠༠༩ ལོར་ཀླུ་ཚང་དགོན་ཆེན་དུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག    ༢༠༡༥ ལོར་ཀླུ་ཚང་དགོན་པའི་དགེ་བཤེས་བཀའ་རམས་པའི་འཛིན་གྲྭར་ཞུགས།

ད་ལྟའི་ལས་གནས།  གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པའི་ཚོགས་གཙོ།  མེ་ལོང་ལོ་དེབ་དང་རྨུ་ཐག་ལོ་དེབ་གྱི་རྩོམ་སྒྲིག་པ།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་པ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས།  གངས་ལྗོངས་ཉི་འོད་ཐེབས་རྩ་ཚོགས་པའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ། མཚོ་སྔོན་མི་རིགས་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ཚོགས་མི་བཅས་ཀྱི་འགན་ཁུར་ཡོད།

ད་ལྟའི་སྡོད་གནས།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་ཀླུ་ཚང་དགོན་ཆེན་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། 

འབྲེལ་གཏུག་ཁ་པར། 18946880880   18097399998QQ: 1771691357
སྐད་འཕྲིན། chambusuiri



གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་ལྔ།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (25145)