སློབ་སྟོན་སློབ་གཙོ་གཞོན་པ་གཅོད་པ་ཚེ་རིང་།


       སློབ་སྟོན་སློབ་གཙོ་དགེ་རྒན་གཅོད་པ་ཚེ་རིང་ནི་སྤྱི་ལོ༡༩༧༦ལོར་རྡོ་སྦིས་རྒྱལ་ཚང་དུ་སྐྱེས།   ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་རྣམས་བརྒྱུད་ཅིང་།   ༡༩༩༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་དངོས་ལུགས་སྡེ་ཁག་ཏུ་ལོ་གསུམ་གྱི་རིང་ལ་སློབ་སྦྱོང་བྱས།   སྔ་གཞུག་ཏུ་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་དང་འཛིན་དཔོན།   སྡེ་ཁག་གི་རིག་གནས་དང་ལུས་རྩལ་གྱི་འགོ་འཛིན་པ་བཅས་ཀྱི་འགན་ཁུར།    ༡༩༩༥དང་༡༩༩༦ལོ་གཉིས་སུ་བསྟུད་མར་ཕུལ་བྱུང་སློབ་མའིི་དགའ་རྟགས་ཐོབ་ཅིང་།    གོ་དྲུག་ལོར་སློབ་གྲྭ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་དུ་འགྲོ་བ་ཞེས་པའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་བོ་ཐོབ།   ༡༩༩༧ལོར་ཕུལ་བྱུང་མཐར་ཕྱིན་སློབ་མར་བདམས།   སློབ་མཐར་ཕྱིན་རྗེས་རང་མོས་ལྟར་མགོ་ལོག་ཏུ་ལས་གནས་བགོས་ཤིང་།   རྨ་ཆེན་རྫོང་བོད་ཡིག་སློབ་འབྲིང་དུ་དངོས་ལུགས་དང་རྩལ་སྦྱོང་སློབ་ཁྲིད་ཀྱི་འགན་ཁུར།   རྗེས་སུ་རྨ་ཆེན་རྫོང་སྲིད་གཞུང་གིས་ཆེད་མངགས་ལྟར་༡༩༩༧ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕེབས་ཏེ་ད་ལྟའི་བར་མི་ལོ་བཅུ་བདུན་གྱི་རིང་ལ་རྒྱ་ཡིག་དང་རྩིས་རིག     དངོས་ལུགས་བཅས་ཀྱི་དགེ་རྒན་དང་།   འཛིན་བདག    སློབ་སྟོན་ཁང་གི་འགོ་བ།སློབ་སྟོན་སློབ་གཙོ་བཅས་ཀྱི་འགན་བཞེས་པར་མ་ཟད།    ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་སོགས་བྱ་དགའ་མང་དུ་ཐོབ།   ད་དུང་ཁོང་གིས་བསྒྱུར་པའི་རྩོམ་ཡིག་མང་བོ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་བཀོད་མྱོང་ལ།   དེ་ལས་རྩོམ་ཡིག་མང་བོར་བྱ་དགའ་སྣ་ཚོགས་ཐོབ་མྱོང་།   ད་ལྟ་ཁོང་གིས་སློབ་སྟོན་སློབ་གཙོའི་འགན་བཞེས་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (16417)