གངས་ལྗོངས་ཉི་འོད་ཐེབས་རྩ་ཚོགས་པ།

   གངས་ལྗོངས་ཉི་འོད་ཐེབས་རྩ་ཚོགས་པ་ནི་གོང་རིམ་གྱི་ཁྲིམས་མཐུན་ཆོག་མཆན་ཐོབ་པ་བརྒྱུད་ནས་༢༠༡༣ལོར་གསར་དུ་བཙུགས་པའི་མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་ཡན་ལག་ཚོགས་པ་ཞིག་ཡིན་ཞིང་།  ཚོགས་པ་འདིས་སྤྱི་ཚོགས་སྟེང་གི་ལོ་ལོན་བདག་མེད་དང་།  ནད་པ་ཉམ་ཐག  དཀའ་ཁག་ཆེ་བའི་སློབ་མ།    ཕ་མ་མེད་པའི་དྭ་ཕྲུག་སོགས་གཙོར་བྱས་ནས་རོགས་སྐྱོར་གནང་བཞིན་ཡོད་ལ།  དེ་ཡང་ལོ་རེར་འཆར་ཅན་ལྟར་ཐེངས་གཉིས་ལ་དམངས་ཕན་གྱི་བྱ་འགུལ་སྤེལ་བཞིན་ཡོད།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-24 ལྟ་ཀློག (6637)