སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་རྒྱུན་ལས་སྐབས་བརྗེ་ཚོགས་ཆེན།

སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་རྒྱུན་ལས་སྐབས་བརྗེ་ཚོགས་ཆེན།

    ༢༠༢༡ལོའི་སྤྱི་ཟླ་༡༡ཚེས་༢༥ཉིན་མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱིའི་ཚོགས་པ་ཐོན་མི་སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་རྒྱུན་ལས་ཚོགས་ཆེན་སྐབས་དྲུག་པ་དང་རྒྱུན་ལས་སྐབས་བརྗེ་ཚོགས་ཆེན་ཐེངས་གཉིས་པ་གཉིས་མཉམ་གཅིག་ཏུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་གཟབ་རྒྱས་ངང་འཚོགས།  ཚོགས་འདུའི་སྟེང་དུ་མཐར་ཕྱིན་འཛིན་གྲྭ་སོ་སོའི་རྒྱུན་ལས་བཞི་བཅུ་ལྷག་མཉམ་ཞུགས་གནང་བར་མ་ཟད། དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་གཙོས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབུ་བཞུགས་ལྷན་ཚོགས་ཀྱིས་ཚོགས་འདུའི་མདོ་བཟུང་ཞིང་།   ཚོགས་གཙོ་རྒན་གཞོན་དང་དྲུང་ཡིག་ཆེ་ཆུང་སོགས་རྒྱུན་ལས་ལས་འཛིན་ལྔས་ལོ་ངོ་བདུན་གྱི་བྱ་བའི་སྤྱི་སྡོམ་སྙན་ཞུ་དང་།  རྩིས་ཐོ་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་པས།   ལོ་ངོ་བདུན་གྱི་གྲུབ་འབྲས་ལ་དབུ་བཞུགས་ལྷན་ཚོགས་དང་རྒྱུན་ལས་རྣམ་པས་གཟེངས་བསྟོད་བླ་མེད་ཐོབ།   

   མཇུག་ཏུ་རྒྱུན་ལས་གསར་རྙིང་གི་སྐབས་བརྗེ་མང་གཙོའི་འོས་འདེམས་ཁྲོད་བདམས་ཐོན་བྱུང་ནས་ཁཱ་ཤེས་རབ་རྒྱ་མཚོ་ལགས་ཐེབས་རྩའི་ཚོགས་གཙོ་དང་།  འབའ་སྣང་གྲོལ་ལགས་ཐེབས་རྩའི་རྒྱུན་ལས་ཚོགས་གཙོ།   བསོད་ནམས་རབ་སྣང་ལགས་དྲུང་ཡིག་ཆེན་མོ།  དམ་ཆོས་ཕུན་ཚོགས་དང་འཕྲིན་ལས་ཉི་མ་གཉིས་རྒྱུན་ལས་ལས་འཛིན་པར་བདམས་པར་མ་ཟད།    ཐོན་མི་སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་མ་འོངས་ཁ་ཕྱོགས་ཐད་ལ་ལེགས་བཅོས་དང་འཆར་གཞི་ལེགས་པར་བཀོད་པ་དང་།   ཚོགས་གཙོ་ཟུར་བ་འོད་ཟེར་དང་། ཚོགས་གཞོན་ཟུར་བ་འཇིགས་མེད་རྡོ་རྗེ། དྲུང་ཡིག་ཟུར་བ་བན་ཤུལ་འཇམ་དབྱངས་སོགས་གཙོས་པའི་ལོ་ངོ་བདུན་གྱི་རིང་གྲུབ་འབྲས་གཟེངས་སུ་ཐོན་པའི་རྒྱུན་ལས་མི་སྣ་རྣམས་ལ་གཟི་བརྗིད་དཔང་ཡིག་ཕུལ་ནས་ཚོགས་འདུ་བདེ་བླག་ངང་མཇུག་རྫོགས།  


ཚོགས་འདུའི་ཡུལ་དངོས།

སྐབས་བརྗེ་འོས་འདེམས་ཀྱི་ཡུལ་དངོས།

སྐབས་སྔོན་མའི་རྒྱུན་ལས་ལས་འཛིན་པའི་མཉམ་པར།


སྐབས་རྗེས་མའི་རྒྱུན་ལས་ལས་འཛིན་པའི་མཉམ་པར།


རྒྱུན་ལས་སྔོན་མ་འགའ་སོར་བཞག་དང་བསྟོད་བྱང་ཕུལ་བ།


སྐབས་རྗེས་མའི་རྒྱུན་ལས་གསར་བ་སྐོར་ཞིག་བསྐོ་བཞག་བྱས་པའི་མཉམ་པར།


ཚོགས་གཙོ་ཟུར་བ་འོད་ཟེར་བཟང་བོ་སོགས་ལ་བསྟོད་བྱང་ཕུལ་བ།


རྒྱུན་ལས་གསར་རྙིང་གི་མཉམ་པར་བསྒྲོན་པ།

གསར་འགོད་པ།  འབའ་སྣང་གྲོལ། 


རྩོམ་སྒྲིག་པ།:   དོ་དམ་པ། སྤེལ་དུས:   2021-11-25 ལྟ་ཀློག (8576)