སློབ་གླིང་གསར་འགྱུར། སྐབས་ཉེར་བདུན་པའི་ལུས་རྩལ་འགྲན་ཚོགས།

  སློབ་གླིང་གསར་འགྱུར།  སྐབས་ཉེར་བདུན་པའི་ལུས་རྩལ་འགྲན་ཚོགས།

    སྤྱི་ལོ2021.ལོའི་སྤྱི་ཟླ10བའི་ཚེས་2ཉིན་གྱི་ཞོགས་པར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་སྐབས་ཉེར་བདུན་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ་དངོས་སུ་འགོ་བརྩམས་ཤིང་། མཛད་སྒོའི་སྟེང་དུ་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དངོས་སུ་ཞུགས་པར་མ་ཟད། སློབ་དཔོན་རྣམ་པས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་། འཛིན་གྲྭ་སོ་སོའི་འཛིན་བདག་དགེ་རྒན་རྣམས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་དང་བོ་དང་། མཛའ་བརྩེ་གཉིས་པ། རྒྱལ་ཁ་གསུམ་པ་ཞེས་པའི་རྩ་དོན་གཞིར་བཟུང་ཐོག་བོད་རང་གི་ཁྱད་ཆོས་དང་ལྡན་པའི་མཆོང་རྒྱུགས་འཕེན་གསུམ་དང་རྒྱལ་ཡོངས་ལུས་རྩལ་གྱི་རྣམ་གྲངས་སོགས་ཀྱི་མཚོན་པའི་ལུས་རྩལ་སྣ་མང་སྤེལ་བའི་འགོ་དངོས་སུ་བརྩམས།

གཤམ་དུ་འཛིན་གྲྭ་སོ་སོའི་ཚབ་མཚོན་རུ་དར་སྣ་ཚོགས།

༢༠༢༡་ལོའི་སྤྱི་ཟླ་༡༠་བའི་ཚེས་༢ཉིན།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-10-02 ལྟ་ཀློག (6951)