རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

  དེ་རིང་སྟེ༢༠༢༡ལོའི་སྤྱི་ཟླ༩བའི་ཚེས ༣ཉིན་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ལོ་རེའི་འཆར་ཅན་ལྟར་གསར་ཞུགས་སློབ་མ་རྣམས་བསྡུ་ལེན་བྱས། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་དང་སློབ་དོན་པ་སྒྲོལ་མ་སྐྱབས། སློབ་སྲིད་ཁང་གི་འགོ་བ་རྡོ་རྗེ་ཚེ་བརྟན། གསར་ཞུགས་སློབ་མ་བསྡུ་བའི་གཙོ་འགན་པ་དགེན་ཡེ་རྒྱམ་སོགས་གཙོ་བྱས་དགེ་རྒན་ཡོངས་ཀྱིས་ད་ལོར་ཕྱོགས་སོ་སོ་ནས་སླེབས་པའི་རྒྱུགས་ཞུགས་སློབ་མ་རྣམས་ལ་མིང་ཐོ་བཀོད་པ་དང་རྒྱུགས་ར་བཀོད་སྒྲིག    མིང་ཐོ་ཞིབ་བཤེར། རྒྱུགས་ཤོག་ལ་ལྟ་བ་སོགས་བྱས། ཕྱི་དྲོར་རྒྱུགས་འབྲས་སྤྱི་བསྡོམས་བྱས་ཏེ་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཁྱབ་བསྒྲགས་གནང་ཞིང་ལོ་རིམ་དང་བོ་འཛིན་གྲྭ་གཅིག་དང་། མ་ཟད་དམའ་གཅིག་འཛིན་གྲྭ་དང་ལོ་རིམ་དྲུག་པ། ལོ་རིམ་ལྔ་བ་སོགས་འཛིན་གྲྭ་གཞན་པའི་རྒྱུགས་ཞུགས་སློབ་མ་རྣམས་སྐར་གྲངས་ལ་བལྟས་ཏེ་རྒྱུགས་འཕྲོད་པའི་སློབ་མ་རྣམས་འཛིན་གྲྭར་ཤོང་ཚད་ལྟར་བསྡུ་ལེན་བྱས།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

རྒྱུགས་ཞུགས་སློབ་མ་རྣམས་ལ་མིང་ཐོ་བཀོད་བཞིན་པ།

རྒྱུགས་ཞུགས་སློབ་མ་རྣམས་ཀྱི་རྒྱུགས་ཤོག་ལ་ལྟ་བཞིན་པ།

གསར་འགོད་པ།   དཀར་མོ་ཡེ་ཤེས་ཀྱིས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-09-04 ལྟ་ཀློག (19976)