སློབ་གླིང་གསར་འགྱུར། ཞལ་འདེབས་བྱ་འགུལ།

སློབ་གླིང་གསར་འགྱུར།   ཞལ་འདེབས་བྱ་འགུལ།

   2021.6.19ཉིན་ས་གནས་མི་འདྲ་བ་སོ་སོ་ནས་རང་མོས་ཀྱིས་མཉམ་དུ་འདུས་ནས་དམངས་ཕན་སྒྲུབ་ཀྱིན་པའི་སེམས་དཀར་ཚོགས་པས་ལོ་རེ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་སྒོར་ཁྲི་གཅིག་གི་རོགས་དངུལ་ཕུལ་བའི་བྱ་འགུལ་སྤེལ་ཞིང་། ཚོགས་མི་དཀྱུས་མ་གདུགས་དཀར་སྐྱབས་ཀྱིས་སྒེར་ངོས་ནས་ལོ་གསུམ་ལ་བསྟུད་མར་སྒོར་ཁྲི་གཅིག་གི་རོགས་དངུལ་ཕུལ་བ་དང་།  སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་སྐུ་དངོས་སུ་ཕེབས་ནས་ཚོགས་པ་མཚམས་སྦྱོར་དང་བཀའ་དྲིན་ཆེ་ཞུས་པར་མ་ཟད། སློབ་གྲྭའི་ངོས་ནས་ཁོ་ཚོར་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་ཕུལ།

མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-06-20 ལྟ་ཀློག (4720)