《ལྷ་འདྲེ་གསལ་བའི་མེ་ལོང་》ཞེས་པའི་དེབ་འདི་ནི་༢༠༢༡ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའམ་ཤེས་རབ་ཉིན་བྱེད་འཛིན་གྲྭའི་སློབ་མ་དག་གིས་མཐར་ཕྱིན་འབྲས་རྟགས་སུ་ཕུད་པའི་དཔྱད་རྩོམ་དེབ་ཅིག་ཡིན། དེ་ལ་འདིར་ལྷ་འདྲེར་བཟུང་བའི་ལྟ་བ་དང་དད་མོས། དངོས་བྱུང་འདྲེ་སྒྲུང་དང་། ཐེའུ་རང་། མི་ལ་ཙི་ཙི། རོ་ལངས། ཐབ་ལྷ། འདྲེ་དངོས་མཐོང་དང་འདྲེས་དངོས་གནོད་སོགས་ཚན་པ་བརྒྱད་ཙམ་དུ་བཀར་ནས་བོད་ཀྱི་ལྷ་འདྲེའི་རིག་གནས་སྐོར་ལ་ཞིབ་འཇུག་བྱས་པ་ཞིག་ཡིན་ལ། མི་འགྱང་བར་སྤྱི་ཚོགས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་འཆར་ཡོད་པས་དགོས་མཁོ་ཅན་དག་གིས་མངགས་ཉོ་གནང་བར་ཞུ།