ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།

ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།

     དཔའ་བོ་འབུམ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཙག་པ་སྡེ་བར་སྐྱེས།   དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་བཀའ་དྲིན་འོག་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་པའི་སྐལ་བ་ལྡན་ལ་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭ་ནས་བོད་ལུགས་གསོ་བ་རིག་པའི་ཆེད་སྦྱོང་བསླབ་གནས་ཐོབ།  སློབ་མཐར་ཕྱིན་རྗེས་ནང་ལོག་གི་གྲོང་ཁྱེར་ཆེ་ཁག་ཏུ་རང་གི་དགའ་ཕྱོགས་ལ་སློབ་སྦྱོང་དང་དེའི་སྐོར་གྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས།

     ༢༠༡༦ ལོར་ཀན་ལྷོའི་གཙོས་གངས་ནོར་བོད་ཟས་སློབ་གྲྭར་ཞུགས།  སྔ་གཞུག་ཏུ་མདོ་དབུས་ཁམས་གསུམ་ན་གྲགས་ཆེ་བའི་མ་བྱན་ཆེད་མཁས་པའི་དྲུང་དུ་བོད་ཟས་གཡོས་སྦྱོར་སྐོར་ལ་འབད་པ་བྱས།   ཁོ་བོས་གཞི་རིམ་གྱི་སློབ་གསོ་ཞན་པ་དང་མཐུན་རྐྱེན་མི་འཛོམས་པའི་དབུལ་ཕོངས་སློབ་མ་དག་ཡིད་ལ་ཐོགས་ཤིང་དེ་རྣམས་ལ་ཕན་པ་ཅུང་ཟད་རེ་སྒྲུབ་ཐུབ་ན་སྙམ་པའི་ཀུན་སློང་གཙང་མ་ཞིག་སེམས་སུ་ཉར་ཏེ་༢༠༡༩ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རེ་ཞུ་ལྟར་བོད་ཟས་འཛིན་གྲྭའི་དགེ་རྒན་གྱི་འགན་ཁུར་ཏེ་བོད་ཟས་ཆེད་སྦྱོང་གི་སློབ་མ་མང་དུ་བསྐྱངས་དང་སྐྱོང་བཞིན་མཆིས་ལ།  ཞོར་དུགཡོས་སྦྱོར་གཞུང་ལུགས་ཀྱི་རྨང་གཞིའི་དྲི་བ་སུམ་བརྒྱ་མ།ཞེས་པའི་དཔེ་དེབ་ལྔ་བརྒྱ་དཔར་དུ་བསྐྲུན་ཏེ་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོའི་ཀློག་པ་བོ་དག་ལ་རིན་མེད་གཟིགས་འབུལ་བྱས།

     གཞན་ཡང་དབྱར་དགུན་གནང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་སློབ་དཔོན་ཆེན་མོ་ཀརྨ་བདེ་ལེགས་སོགས་བོད་ཟས་ཆེད་མཁས་པ་མང་པོའི་མདུན་དུ་བཅར་ཏེ་སློབ་གཉེར་བྱེད་བཞིན་བོད་ཟས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་འབད་འབུངས་བྱེད་བཞིན་ཡོད་དོ།།

མཚོ་སྔོན་ཞིང་ཆེན་རིམ་པའི་གཡོས་སྦྱོར་འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས།

བོད་ཟས་འགྲེམས་སྟོན་ལ་ཞུགས་པའི་སློབ་མ།

བོད་ཟས་ཁྲོམ་རའི་གནས་བབ་སྐོར་གྱི་བགྲོ་གླེང་།

བདེ་ཐང་གི་ལམ་པ། བོད་ཀྱི་མ་བྱན་ཞེས་པའི་མཉམ་པར།

གཡོས་སྦྱོར་ལག་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་གྲོགས།

གཡོས་སྦྱོར་གཞུང་ལུགས་ཀྱི་རྨང་གཞིའི་དྲི་བ་སུམ་བརྒྱ་མ།   དཔེ་དེབ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-05-05 ལྟ་ཀློག (11014)