སློབ་གླིང་གསར་འགྱུར། ཤེས་རིག་འགྲན་གླེང་།

སློབ་གླིང་གསར་འགྱུར།  ཤེས་རིག་འགྲན་གླེང་།

      2021.ལོའི་སྤྱི་ཟླ་བཞི་བའི་ཚེས་15ཉི་གྱི་ཕྱི་དྲོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་དུ་ཤེས་རིག་འགྲན་གླེང་སྐབས་ <388> པ་དངོས་སུ་འཚོགས།

དུས་རྒྱུན་ཤེས་རིག་འགྲན་གླིང་ནི་ཚོགས་ཁང་དུ་བརྙན་མང་གཟུགས་ཀྱི་ལམ་ནས་ལེ་ཚན་རེ་རེའི་པར་དང་བརྙན།  གླེང་གཞི།  དྲི་བ་དྲིས་ལན་སོགས་ཇུས་འགོད་ལེགས་པོའི་ངང་ནས་སྤེལ་ཏེ་འགྲན་གླེང་བ་དང་ལྟད་མོ་བ་ཡོངས་ལ་སྟོན་བཞིན་ཡོད་མོད།   ཉིས་སྟོང་ཉི་ཤུ་ལོར་སློབ་གྲྭའི་ཚོགས་ཁང་ལ་ཞིག་སྐྱོན་བྱུང་བས་ཐེངས་འདིར་ཡང་སྤྱི་བསྡོམས་ཐང་དུ་མི་འཚོགས་ཀ་མེད་བྱུང་།  ཡིན་ཡང་འགྲན་གླེང་བ་རེ་རེའི་སྤོབས་པ་དང་། ལྟད་མོ་བའི་སྤྲོ་འཛུམ་ལ་རླུང་དམར་གྱི་རྒོལ་བས་མ་ཚུགས་པར་སྤྱི་བསྡོམས་ཐང་དུ་འཚོགས་ཤིང་།  འགྲན་ཞུགས་འཛིན་གྲྭ་བརྒྱད་ལས་སློབ་མ་བཞི་བཅུ་ལྷག་འགྲན་བསྡུར་ལ་ཞུགས།  འགྲན་བསྡུར་གྱི་གོ་རིམ་ལྟར་འཛིན་གྲྭ་རེ་རེའི་འགྲན་ཞུགས་པ་རྣམས་གར་སྟེགས་སུ་བུད་དེ་༢ སྐད་རིགས་ཤེས་བྱའི་དགའ་ཚལ་དང་༣ སྐབས་བབ་སྦྱང་བྱའི་ལེ་ཚན།  ༣ ཁྲིམས་ལུགས་དྲི་བ་དྲིས་ལན་སོགས་གླེང་གཞི་སྣ་ཚོགས་ཀྱི་སྟེང་དུ་བགྲོ་གླེང་གི་རྣམ་པས་རྩོད་པ་བྱས་པ་དང་། དབྱིན་སྐད་ཀྱི་ལམ་དུ་ཁ་བརྡའི་ངག་རྩལ་འགྲན།  མཐར་དགེ་རྒན་རྣམས་ཀྱི་སྤྱི་སྡོམ་སྐར་གྲངས་ལྟར་རྒྱལ་ཁའི་བྱ་དགའ་ཨང་གསུམ་པ་ཐོབ་མཁན་འབྲིང་གཉིས་འཛིན་གྲྭ་དང་།  ཨང་གཉིས་པ་ཐོབ་མཁན་མཐོ་གཉིས་དང་བོ།  ཨང་དང་བོ་ཐོབ་མཁན་མཐར་ཕྱིན་དང་བོ་བཅས་ཀྱི་སྐར་གྲངས་ཁྱབ་བསྒྲགས་གནང་རྗེས་དགེ་རྒན་འོད་ཟེར་མཆོག་གིས་རྒྱལ་ཁ་ཐོབ་པའི་འགྲན་གླེང་བ་དག་ལ་བྱ་དགའ་གནང་བ་དང་དགེ་རྒན་ལྡོང་རུ་ཆོས་དུང་ལགས་ཀྱིས་སྤྱི་བསྡོམས་གསུང་བཤད་གནང་བ་བཅས་ཐེངས་འདིའི་བྱ་འགུལ་རྒྱལ་ཁའི་ངང་མཇུག་བསྡུས་སོ།།

གསར་འགོད་པ།  བན་ཤུལ་འཁྱམ་བསེ་རུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-15 ལྟ་ཀློག (4112)