སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།

  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་གཟའ་འཁོར་སྔོན་མའི་གཟའ་ཟླ་བ་ནས་འགོ་བརྩམས་ཏེ་ལོ་རེའི་འཆར་གཞི་ལྟར་དགེ་སློབ་ཡོངས་མཉམ་ཞུགས་ཀྱིས་སྲོང་བཙན་བུམ་པའི་རྐང་གྲུག་འགྲན་སྡུར་དངོས་སུ་འགོ་བརྩམས་ཤིང་། བསྟུད་མར་གཟའ་འཁོར་གཅིག་ཙམ་ལ་སྔ་ཕྱིའི་སློབ་གསེང་དུས་ཚོད་བེད་སྤྱད་དེ་འགྲན་སྡུར་བྱས་མཐར།  ཕུལ་བྱུང་རུ་ཁག་རྣམས་སྤྱི་ཟླ་04བའི་ཚེས་13ཉིན་རྭ་རྒྱ་གྲོང་བརྡལ་གྱི་རྐང་གྲུག་ཐང་དུ་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཤིང་།  དགེ་སློབ་ཡོངས་སྤྲོ་སྣང་དང་བཅས་ལུས་རྩལ་ཐང་དུ་འཛོམས་ཏེ་འགྲན་སྡུར་ལ་བལྟས། ཐེངས་འདིའི་འགྲན་སྡུར་ཁྲོད་མཐོ་གཉིས་འཛིན་གྲྭ་དང་བོ་ལ་བྱ་དགའ་ཨང་དང་བོ་ཐོབ་པ་དང་།  མཐར་ཕྱིན་འཛིན་གྲྭ་དང་བོ་ལ་བྱ་དགའ་ཨང་གཉིས་པ།  དམའ་གཉིས་འཛིན་གྲྭ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ།  མཐར་ཕྱིན་འཛིན་གྲྭ་གཉིས་པ་ལ་རྟིང་སྐུལ་བྱ་དགའ་ཐོབ་པ་བཅས་ཐེངས་འདིའི་བྱ་འགུལ་བདེ་བླག་ངང་མཇུག་བསྡུས། 

མཐོ་གཉིས་འཛིན་གྲྭ་དང་བོ་ལ་བྱ་དགའ་ཨང་དང་བོ་ཐོབ།

 མཐར་ཕྱིན་འཛིན་གྲྭ་དང་བོ་ལ་བྱ་དགའ་ཨང་གཉིས་པ་ཐོབ །


དམའ་གཉིས་འཛིན་གྲྭ་ལ་བྱ་དགའ་ཨང་གསུམ་པ་ཐོབ།

མཐར་ཕྱིན་འཛིན་གྲྭ་གཉིས་པ་ལ་རྟིང་སྐུལ་བྱ་དགའ་ཐོབ།

ཤན་འབྱེད་པའི་ཚན་ཆུང་།

རྩ་འཛུགས་ཚན་ཆུང་།

2021.ལོའི་ཡར་ཐོན་ཡོད་པའི་ཕུལ་བྱུང་ལུས་རྩལ་བ།


ཕུལ་བྱུང་སྒོ་སྲུང་བ།

གསར་འགོད་པ། བན་ཤུལ་འཁྱམ་བསེ་རུ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-13 ལྟ་ཀློག (4821)