སློབ་གླིང་གསར་འགྱུར།

སློབ་གླིང་གསར་འགྱུར།

       2021.04.08 ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་སྐབས་བདུན་པའི་དབྱིན་ཡིག་ངག་རྩལ་འགྲན་བསྡུར་ཟབ་རྒྱས་ངང་སྤེལ་ལ། འགྲན་བསྡུར་ལ་སློབ་གླིང་གི་འཛིན་གྲྭ་ཡོངས་ཞུགས་པར་མ་ཟད། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ཡང་ཆེད་དུ་བོས་ཏེ་འགྲན་བསྡུར་གྱི་རྣམ་གྲངས་ལ་གཏམ་བཤད་དང་། གླུ་དབྱངས། སྙན་ངག་གྱེར་འདོན། གར་ཆུང་བཅས་ལ་མཉམ་དུ་ཞུགས།    ཐེངས་འདིའི་དཔྱད་འདེམས་པ་ནི་༼  རྨ་ཆེན་རྫོང་སློབ་ཆུང་དང་བོའི་དགེན་ཆོས་འཁོར་སྐྱབས། རྨ་ཆེན་རྫོང་སློབ་འབྲིང་དང་བོའི་དགེན་བསོད་ནམས་སྐྱིད། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཀེ་ཐོ་སྐྱབས་ ༽  བཅས་ཡིན་ལ། མཇུག་ཏུ་དཔྱད་འདེམས་པ་དགེ་རྒན་ཆོས་འཁོར་ལགས་ཀྱིས་འགྲན་བསྡུར་ལ་གདེང་འཇོག་གི་དཔྱད་གཏམ་སྤེལ་ཏེ་བྱ་འགུལ་བདེ་བླག་ངང་མཇུག་བསྡུས་སོ། །

ཨང་བདུན་པ། མཐོ་གཅིག་དང་བོ།

ཨང་དྲུག་པ། མཐོ་གཉིས་གཉིས་པ།

ཨང་ལྔ་བ།  མཐར་ཕྱིན་གཉིས་པ།

ཨང་བཞི་བ། མཐོ་གཅིག་གཉིས་པ།

ཨང་གསུམ་པ། རྩྭ་ཐང་བུ་མོའི་སློབ་གྲྭ།

ཨང་གཉིས་པ།  མཐོ་གཉིས་དང་བོ།

ཨང་དང་བོ། མཐར་ཕྱིན་དང་བོ།

གསར་འགྱུར་མཁོ་སྤྲོད་པ། དགེ་རྒན་བསམ་འཕེལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-08 ལྟ་ཀློག (4095)