ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཤེས་རིག་ཡར་ཐོན་ཚོགས་པས་གདན་འདྲེན་ཞུས་པ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཤེས་རིག་ཡར་ཐོན་ཚོགས་པས་གདན་འདྲེན་ཞུས་པ།

2021.04.05ཉིན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་བོད་མི་རྒན་གཞོན་ཤེས་རིག་ཡར་ཐོན་ཚོགས་པའི་གཙོ་སྒྲུབ་པ་སྒེས་སྤྲུལ་བདེ་མཆོག་རྡོ་རྗེ་མཆོག་གིས་སྣེ་ཁྲིད་བྱས་ཏེ། སྤྲུལ་སྐུ་ནོར་བསྟན་སོགས་བླ་སྤྲུལ་དང་དགེ་རྒན་མང་བོས་མི་ལོ་བཅུའི་རིང་དཀའ་སྤྱད་འབད་བརྩོན་དང་ལྷག་བསམ་རྣམ་དག་གིས། སེང་གེ་བརྒྱད་འདུས་དགོན་གྱི་ལྷ་སྡེ་མང་ཚོགས་དག་གིས་གཙོས་རྨ་ཆེན་རྫོང་གི་ཉེ་འདབས་ཀྱི་མང་ཚོགས་སུམ་བརྒྱ་ལྷག་ཅིག་གི་ཡིག་རྨོངས་སེལ་བའི་བྱ་བ་གལ་ཆེན་བསྒྲུབས་པས། སྤྱི་ལོ་༢༠༢༡-༤-༤ཉིན་ལེགས་པར་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཆེད་དུ་གདན་འདྲེན་བྱས་ཞུས་པས། ཁོང་ཆེད་ཕེབས་གནང་སྟེ་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་མང་བོའི་མཁན་སྤྲུལ་དང་། དད་ལྡན་མང་ཚོགས་མང་བོར་བོད་སྐད་ཡིག་གི་དགེ་མཚན་ལས་འཕྲོས་ཏེ། གྲུབ་མཐའ་རིས་མེད་དང་བོད་རང་གི་བསམ་སྤྱོད་ཡག་པོ་རྒྱུན་འཛིན་སོགས་རིན་ཐང་གཞལ་དུ་མེད་པའི་སློབ་གསོ་ཡིད་འཁུལ་བ་གནང་།

གསར་འགྱུར་མཁོ་སྤྲོད་པ།   ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-04-05 ལྟ་ཀློག (7856)