རྡོ་བ་དང་སྒྱུ་རྩལ།

རྡོ་བ་དང་སྒྱུ་རྩལ།

     ༢༠༢༡ལོའི་ཟླ་༣ཚེས་༢༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མ་རྣམས་ཀྱི་འཇོན་ནུས་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྔོག་འདོན་ལ་དམིགས་ནས། ལོ་རེའི་འཆར་ཅན་ལྟར་སློབ་མ་རྣམས་དགེ་རྒན་རྣམས་ཀྱིས་སྣེ་ཁྲིད་འོག་རྨ་འགྲམ་དུ་སོང་ནས་རྡོ་སྣ་ཚོགས་བཏུས་ཤིང་། ཕྱིར་སློབ་གྲྭར་ཡོང་སྟེ་སྟེང་དུ་སློབ་མ་སོ་སོའི་བསམ་བློའི་འཆར་ཡན་ལྟར་སྒྱུ་རྩལ་གྱི་རི་མོ་སྣ་ཚོགས་ཇུས་འགོད་བྱེད་པའི་བྱ་འགུལ་སྤེལ། སློབ་མ་སོ་སོས་རྨ་འགྲམ་ནས་ཁྱེར་ཡོང་བའི་རང་རང་གི་རྡོའི་སྟེང་ལ་རི་མོ་སྣ་ཚོགས་བྲིས་ཏེ་དུས་ཡུན་ཐུང་ཐུང་གི་རིང་ལ་བརྩམས་ཆོས་རེ་རེ་འགྲུབ་པར་བྱས་ནས་བརྩམས་ཆོས་འགྲན་བསྡུར་ལ་ཞུགས། ཐེངས་འདིའི་སློབ་མ་རྣམས་ཀྱི་བརྩམས་ཆོས་བྱ་འགུལ་འགྲན་སྡུར་སྟེང་དུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་སྐུ་དངོས་སུ་ཕེབས་ནས་བརྩམས་ཆོས་སོ་སོ་ལ་དཔྱད་འཇོག་གནང་བར་མ་ཟད། ཐེངས་འདིའི་རྡོ་དབྱིབས་དང་རི་མོ་ཟུང་དུ་འབྲེལ་བའི་བརྩམས་ཆོས་དང་། རི་མོ་རྐྱང་བ་རྩལ་དུ་བཏོན་པའི་བརྩམས་ཆོས་མང་བོའི་ཁྲོད་ནས་ཕུལ་བྱུང་བརྩམས་ཆོས་ཞེ་ལྔ་བདམས་ཏེ་བྱ་དགའ་ཕུལ།

དགེ་རྒན་རྣམ་པས་བརྩམས་ཆོས་ལ་གཟིགས་ཞིབ་གནང་བ།

ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་སློབ་མའི་བརྩམས་ཆོས་དཔྱད་འཇོག་གནང་བ།

བརྩམས་ཆོས་ཡུམ་བུ་བླ་མཁར།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

འགྲན་ཞུགས་བརྩམས་ཆོས།

ཕུལ་བྱུང་བརྩམས་ཆོས་ཞེ་ལྔ་ལ་བྱ་དགའ་ཐོབ་པ།

གསར་འགོད་པ། འབའ་སྣང་གྲོལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-03-28 ལྟ་ཀློག (3380)