ཐོན་མིའི་སློབ་ཚོགས་ཀྱི་གསལ་བརྡ།

ཐོན་མིའི་སློབ་ཚོགས་ཀྱི་གསལ་བརྡ།

     མཚོན་རྟགས་ནི་སྡེ་ཁག་དང་བྱ་དངོས་ཕན་ཚུན་ཁྱད་པར་འབྱེད་བྱེད་དམ་རང་གི་ངོ་བོ་མཚོན་བྱེད་ཀྱི་རྟགས་ཤིག་ཡིན་སྟབས།   རང་གི་མཚོན་རྟགས་ལ་རང་རང་གིས་བདག་པོ་རྒྱག་དགོས་པ་དང་། མཚོན་རྟགས་བཀོད་པའི་བྱ་དངོས་ལ་རང་གིས་འགན་འཁུར་དགོས་པའང་ཁྲིམས་ཀྱིས་གཏན་འཁེལ་བྱས་ཡོད་པ་ཞིག་ཡིན།  ཨ་ལོང་སུམ་སྒྲིལ་མེ་རིས་བསྐོར་བའི་མཚོན་རྟགས་དང་ལཉྫ་དབུས་བཞུགས་ཤེས་རིག་གླིང་གི་ཡིག་འབྲུས་སྐོར་བའི་མཚོན་རྟགས།  ཐོན་མིའི་ཡིག་འབྲུ་གངས་རི་རྩེ་གསུམ་ལས་གྲུབ་པའི་མཚོན་རྟགས་བཅས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམས་དང་ཐོན་མིའི་སློབ་ཚོགས་ཀྱིས་ཆེད་དུ་ཇུས་འགོད་དང་གསར་བཟོ་བྱས་པ་ཞིག་ཡིན་པ་དང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ཁབ་པར་དབང་ཅུའུ་ཡིས་དངོས་སུ་ཆོག་མཆན་ཐོབ་ཡོད་པ་ཞིག་ཀྱང་ཡིན།  དེ་བས་མཚོན་རྟགས་འདི་རིགས་ཀྱི་བདག་དབང་ཆ་ཚང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་ཐོན་མིའི་སློབ་ཚོགས་ལ་ཡོད་པས་གོང་གསལ་སྡེ་ཁག་འདི་གཉིས་ཀྱིས་ཆོག་མཆན་མེད་པར་ཚོགས་པ་དང་མི་སྒེར་སུས་ཀྱང་མཚོན་རྟགས་འདི་དག་བཀོལ་སྤྱོད་བྱེད་པའི་དབང་ཆ་མེད།  གལ་ཏེ་ང་ཚོའི་ཁེ་དབང་ལ་བརྩི་བཀུར་མ་བྱས་པར་གང་འདོད་དུ་མཚོན་རྟགས་དེ་རིགས་བཀོལ་སྤྱོད་བྱས་པ་ཡིན་ན་ཁྲིམས་ལྟར་ཐག་གཅོད་བྱ་ངོས་ཡིན།

ང་ཚོར་མཚོན་རྟགས་འདིར་བདག་དབང་བྱེད་པའི་ཐོབ་ཐང་ཡོད།

ལཉྫ་དབུས་བཞུགས་ཤེས་རིག་གླིང་གི་ཡིག་འབྲུས་སྐོར་བའི་མཚོན་རྟགས།

ཨ་ལོང་སུམ་སྒྲིལ་མེ་རིས་བསྐོར་བའི་མཚོན་རྟགས།

ཐོན་མིའི་ཡིག་འབྲུ་གངས་རི་རྩེ་གསུམ་ལས་གྲུབ་པའི་མཚོན་རྟགས།

གནས་ཚུལ་མཁོ་སྤྲོད་པ། ཐོན་མིའི་སློབ་ཚོགས། 


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-02-07 ལྟ་ཀློག (7427)