བོད་ལ་ཁ་བ་ཅན་ཞེས་འབོད་པའི་རྒྱུ་མཚན།

༄༅།། བོད་ལ་ཁ་བ་ཅན་ཞེས་འབོད་པའི་རྒྱུ་མཚན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

     བདག་གི་དགེ་རྒན་རིན་པོ་ཆེ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་ཉིན་ཞིག་ང་ཚོར་དཔེ་ཁྲིད་གནང་སྐབས། ཁོང་གི་གྲོགས་རྒྱ་མི་ཞིག་དང་མཉམ་དུ་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་ཚེ། ཁྲིན་ཏུ་ནས་ཡར་ཅུང་ཞིག་སོང་དུས་རིམ་གྱིས་གངས་རི་ཇེ་མང་ཇེ་མང་དུ་འགྲོ་བཞིན་པ་མཐོང་བས། གྲོགས་པོ་རྒྱ་མི་དེས་བོད་འདི་ངོ་མ་རིག་པ་ཆེ། སྔོན་གནམ་གྲུ་སོགས་མེད་མོད། འོན་ཀྱང་འདི་ལྟར་མཐའ་གངས་རིས་བསྐོར་ཡོད་པ་ཁོ་ཚོས་གསལ་བར་ཤེས་འདུག་ཨང་ཟེར་གི། ངོ་མ་གངས་ཅན་ཞེས་བཏགས་པ་ཇི་འདྲའི་འོས་འཚམ་ཞིག་རེད་ཨང་སྙམ་པ་འཆར་འོང་གསུངས། དེས་ན་བོད་ལ་གངས་ཅན་ཞེས་བཏགས་པ་ནི་སྤྱིར་བོད་ཡུལ་གྱི་མཐའ་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བས་གངས་ཅན་དུ་བཏགས་པ་དང་། ཁྱད་པར་དུ་བོད་འདིའི་ལྷོ་ཕྱོགས་ཀྱི་མཐའ་རི་བོ་གངས་ཅན་གྱིས་བསྐོར་བས་ན་ཁ་བ་ཅན་དང་གངས་ཅན་ལྗོངས་ཞེས་འབོད་པ་སྟེ། དེ་ཡང་རི་བོ་གངས་ཅན་ཞེས་པ་ནི་རྒྱ་གར་སྐད་ཀྱི་ཧཱི་མ་ལཱ་ཡ་ཟེར་བ་བོད་སྐད་དུ་བསྒྱུར་བ་ཡིན་ཞིང༌། ཧཱི་མ་ལཱ་ཡའི་རི་རྒྱུད་སྤྱིའི་མིང་ལ་རི་བོ་གངས་ཅན་དུ་འབོད་པའི་ཕྱིར། རི་བོ་གངས་ཅན་ནི་འཛམ་གླིང་ན་ཆེས་མཐོ་བ་དང༌། ཆེས་རིང་བའི་རི་རྒྱུད་ཅིག་ཡིན་པར་འདུག་སྟེ། བོད་ཀྱི་ནུབ་ཕྱོགས་ཀསྨི་རའི་ཤར་ངོས་ནས་བཟུང༌། རྒྱ་གར། བལ་ཡུལ། འབྲས་ལྗོངས་བརྒྱུད་ནས་འབྲུག་ཡུལ་གྱི་ཤར་ཕྱོགས་བར་བརྐྱངས་པའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ཙམ་དང༌། རྒྱ་མཚོའི་ངོས་ལས་ཆ་སྙོམས་སྤྱི་ཁྲེ་དྲུག་སྟོང་བདུན་བརྒྱ་བཅོ་ལྔ་ཡོད་པར་བཤད་པའི་ཕྱིར། དེའི་ནང་ནས་ཆེས་མཐོ་བ་ནི་ཇོ་མོ་གླང་མའི་རི་རྒྱུད་ཡིན་ཞིང༌། དེ་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བརྒྱད་སྟོང་བརྒྱ་མེད་བརྒྱད་ཅུ་གྱ་གཉིས་ཡོད་པར་བཤད་ཅིང་། དེས་ན་དེ་ལྟ་བུའི་རི་རྒྱུད་ཧ་ཅང་མཐོ་ལ་རིང་པོ་ཞིག་བོད་ལྗོངས་ཀྱི་ལྷོ་ངོས་སུ་ལྕགས་རི་ལྟར་བསྐོར་ནས་ཡོད་པས་ན། ཁ་བ་ཅན་དང༌། གངས་རིའི་ལྗོངས་ཞེས་འབོད་པ་ཡིན་ནོ།།


藏区叫雪域的原由


班字尔 • 慈智加措


    有一天,我的上师至尊毛尔盖桑木旦大师,给我们讲课时说:"有一次我和一位汉族朋友坐飞机一起去拉萨,从成都稍微往上一飞逐渐就能看到许多雪山时,那位汉族朋友对我说,我今天才知道原来藏族有多聪明,以前没有飞机,但他们对整个藏区的地形如此明了。从飞机上俯视大地,确实令人感觉到,雪域这个名字给藏区再适合不过了。"大家都知道,总的来说,是因为由雪山环抱,故于藏区称为雪域;另外,还有一个主要的原因是,喜马拉塔山脉围绕着整个藏区的南部,而"喜马拉雅"这个印度语,译成汉语,就是雪峰的意思。

    喜马拉雅山,是一座世界最高、最长的山脉。从西藏南部,克什米尔东部起,印度、尼泊尔、经由锡金延伸到不丹东部。长约 2450高的,海拔 884813 米,为世界第一高峰。因为这样一座又高又长的雪峰,像围栏似的环绕整个藏区的南部,故称之为雪域藏区。

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ། གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2021-01-01 ལྟ་ཀློག (2458)