ཕན་ཚུན་གྱི་བར་ཐག་ཇེ་རིང་དུ་འགྲོ་བའི་རྐྱེན་བཅོ་བརྒྱད།

ཕན་ཚུན་གྱི་བར་ཐག་ཇེ་རིང་དུ་འགྲོ་བའི་རྐྱེན་བཅོ་བརྒྱད།

ལྡོང་ཡོན་ཏན་རྒྱ་མཚོས།



  རྒྱུས་མངའ་ཡོད་ཀྱང་ཡིད་ཆེས་མེད་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

  ལེ་བདའ་དང་འཁང་ར་མང་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

   བཟོད་སྒོམ་དང་གོང་བཀུར་མེད་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

   བསམ་ཤེས་དང་གུ་ཡངས་གཏན་ནས་མི་བྱེད་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

   ནམ་རྒྱུན་དགའ་སྐྱོའི་འགྱུར་བ་མྱུར་ཆེ་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

  རང་གི་འཇོན་ཐང་མ་གཏོགས་གཞན་གྱི་དགེ་མཚན་ཁས་མི་ལེན་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

  རང་ཉིད་མཐོན་པོར་འགྱུར་ཆེད་གཞན་གྱི་བྱས་རྗེས་ནག་གསུབ་བཏང་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

  ཐུན་མོང་གི་ཁ་བརྡ་དང་ཐུན་མོང་གི་བསམ་བློ་མེད་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

  ལུས་ལྷན་དུ་བསྡད་ནས་ཁ་བརྡ་གཞན་ལ་བྱེད་རྒྱུ་མང་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༠  གཞན་གྱི་དད་མོས་དང་རིག་གནས་ལ་བརྩི་འཇོག་བྱེད་མ་ཤེས་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༡  ཁས་ལེན་རྒྱུར་དགའ་བ་ལས་ལག་བསྟར་བྱེད་རྒྱུར་མི་དགའ་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༢   འགྱུར་ལྡོག་དང་དྲན་རྒྱུ་མང་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༣  ལོ་ཟླ་མང་བོར་འགྲོགས་ཀྱང་ནང་སེམས་ཀྱི་ཁ་དོག་མཐོང་མ་ཐུབ་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༤  བཀོལ་ཤེས་པ་ལས་སྐྱོང་མ་ཤེས་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༥  ཁེ་ཕན་ཁོ་ནའི་ཆེད་དུ་འཛུམ་མདངས་སྟོན་པའམ་བསྟོད་པ་ཐལ་ཆེ་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༦ ཚིག་རེའི་མཇུག་ཏུ་མནའ་རེ་བསྐྱལ་ཏེ་བདེན་དཔང་བྱེད་དགོས་བྱུང་ཚེ་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༧  འབྲེལ་བ་མ་བྱས་པ་ལས་སེམས་ནས་བརྗེད་མེད་ཅེས་ཁ་ཡག་བཤད་རྐྱང་བྱས་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

༡༨    སློབ་གསོ་དང་སེམས་གཏམ་ལ་ཉན་རྒྱུར་མི་དགའ་ན་བར་ཐག་ཇེ་རིང་དུ་འགྱུར་འགྲོ།

གསར་འགོད་པ།  སྨར་ཁམས་མཁའ་འགྲོ་རྒྱལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-29 ལྟ་ཀློག (6301)