སློབ་གླིང་གསར་འགྱུར། ལུས་རྩལ་འགྲན་ཚོགས།

སློབ་གླིང་གསར་འགྱུར།

       སྤྱི་ལོ༢༠༢༠ལོའི་ཟླ༡༠བའི་ཚེས་༢ཉིན་གྱི་ཞོགས་པར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་ལུས་རྩལ་འགྲན་ཚོགས་དངོས་སུ་འགོ་བརྩམས་ཤིང་། མཛད་སྒོའི་སྟེང་དུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དངོས་སུ་ཞུགས་པར་མ་ཟད། སློབ་དཔོན་ཁོང་གིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་། འཛིན་གྲྭ་སོ་སོའི་འཛིན་བདག་དགེན་རྒན་རྣམས་ཀྱིས་སྣེ་ཁྲིད་དེ་མཐུན་སྒྲིལ་དང་བོ་དང་མཛའ་བརྩེ་གཉིས་པ། རྒྱལ་ཁ་གསུམ་པའི་རྩ་དོན་དམིགས་སུ་བཟུང་ནས་བོད་རང་གི་ཁྱད་ཆོས་མ་བོར་བའི་མཆོང་རྒྱུགས་འཕེན་གསུམ་གྱི་རྣམ་གྲངས་གང་མང་ཞིག་སྤེལ་བར་མ་ཟད་རྒྱལ་ཡོངས་ལུས་རྩལ་གྱི་རྣམ་གྲངས་གང་མང་ཞིག་ཀྱང་ཅི་ནུས་གང་ཐུབ་ཀྱིས་སྤེལ་བས་དགེ་སློབ་ཡོངས་ཀྱིས་ཁྱད་མཚར་བའི་ལྟད་མོ་སྣ་ཚོགས་ལ་གཟིགས།
    འདི་ལྟར་ཁྱོན་ཉིན་ལྔའི་རིང་དུ་ལུས་རྩལ་སྣ་ཚོགས་བརྩེས་པའི་མཇུག་ཏུ་རང་སློབ་གྲྭའི་སློབ་གཙོ་གཞོན་པ་གཅོད་པ་ཚེ་རིང་ལགས་ཀྱིས་སྐབས་ཉེར་དྲུག་པའི་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་དག་ལ་རྒྱལ་ཁའི་རྟགས་མ་གནང་བ་དང་། འཛིན་གྲྭ་སོ་སོའི་ལུས་རྩལ་དང་འབྲེལ་བའི་རི་མོ་སྣ་ཚོགས་བྲིས་པ་ལ་དགེ་རྒན་རྣམ་པས་ཞིབ་གཟིགས་གནང་ཞིང་། རི་མོ་འགའ་རེ་ནི་ཚོན་མདངས་དང་གསོན་ཉམས། དེ་བཞིན་བརྗོད་བྱ་བཅས་ཀྱི་ཕྱོགས་ནས་འབུར་དུ་ཐོན་འདུག་ཅེས་བསྔགས་བརྗོད་གནང་།

གསར་འགོད་པ། གཡུང་དྲུང་དར་རྒྱས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2020-10-10 ལྟ་ཀློག (8809)